46801
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། སྟོན་པ་གཤེན་མི་བོ་མཆོག་ནས་གདུལ་བྱ་ལམ་དུ་བཀྲི་བའི་ཐབས་ཀྱིས། གདུལ་བྱའི་དབང་པོ་ལ་ལྟོས་ནས་བསྟན་པའི་བོན་འཁོར་ཞིག་སྟེ། མདོ་གཟེར་མིག་ལས། གཡུང་དྲུང་བོན་ལ་ཤེས་པའི་རྩལ་སྦྱང་ན། བོན་གྱི་སྡེ་སྣོད་ཟུང་གསུམ་ཡ་དྲུག་དོན་དུ་བསྡུས་པ་འདི། ངེས་པར་གསལ་ལ་སྟོན་པས་བཤད་དུ་གསོལ། ཞེས་སོ། །སྡེ་སྣོད་ཟུང་གསུམ་ནི། དཀའ་བཅད་སྡེ་དང་སྣོད་དབང་པོ་རབ་གཉིས་ཟུང་གཅིག སླ་འགྱུར་སྡེ་དང་སྣོད་དབང་པོ་ཐ་མ་གཉིས་ཟུང་གཅིག གཉིས་ཀ་མ་ཡིན་པའི་སྡེ་དང་སྣོད་དབང་པོ་འབྲིང་གཉིས་ཟུང་གཅིག་སྟེ་གསུམ་མོ། །ཡ་དྲུག་ནི། དེས་ཤུགས་ཀྱིས་ངེས་སོ། ། |
| Domain | ཆོས་ལུགས། |