46802

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བོན་གྱི་སྣོད་གསུམ་ (1)
Part of speech མིང་ཚིག
Definition བོན། རྣམ་དཀར་བོན་གྱི་སྡེ་རྣམས། དཀའ་བཅད་ཀྱི་སྡེ་དང་། སླ་འགྱུར་གྱི་སྡེ། གཉིས་ཀ་མ་ཡིན་པའི་སྡེ་དང་གསུམ་དུ་འདུས་པ་ནི། སྣོད་དབང་པོ་གསུམ་ལ་ལྟོས་ནས་བསྟན་པ་ཞིག་སྟེ། མདོ་གཟེར་མིག་ལས། བོན་གྱི་སྣོད་གསུམ་ནི། དབང་པོ་རབ་ཀྱི་སྣོད་དང་གཅིག དབང་པོ་འབྲིང་གི་སྣོད་དང་གཉིས། དབང་པོ་ཐ་མའི་སྣོད་དང་གསུམ་མོ། །ཞེས་དང་། བོན་དཀའ་བཅད་ཀྱི་སྡེ་ནི་དབང་པོ་རབ་ཀྱི་སྣོད་དང་ལྡན་པའོ། །བོན་སླ་འགྱུར་གྱི་སྡེ་ནི་དབང་པོ་ཐ་མའི་སྣོད་དང་ལྡན་པའོ། །བོན་གཉིས་ཀ་མ་ཡིན་པའི་སྡེ་ནི་དབང་པོ་འབྲིང་གི་སྣོད་དང་ལྡན་པའོ། །ཞེས་སོ། །
Domain ཆོས་ལུགས།