46803
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། སྤྱི་བོན་གྱི་སྦྱིན་པ་ཞེས་པའི་དོན་ནི་སངས་རྒྱས་ཀྱི་བསྟན་པའི་དོན་གསལ་བར་བྱེད་པ་དང་། ཁྱད་པར་དུ་ཕན་སེམས་ཀྱིས་ཀུན་ནས་བསླང་ཞིང་སྐྱེ་འགྲོ་རྣམས་ཀྱི་དོན་མཛད་པ་དང་དེ་དག་མྱུར་དུ་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར། སྐྱེས་བུ་དམ་པ་རྣམས་ཀྱིས་བོན་འཆད་པ་དང་། བོན་རྩོད་པ་དང་། བོན་རྩོམ་པ་ལ་སོགས་པའི་བོན་འཁོར་བསྐོར་བ་དང་། ཡང་ན་རྒྱུ་ཡི་བོན་དང་འབྲས་བུའི་བོན་གཉིས་ཀྱིས་བསྡུས་པའི་སྦྱིན་པ་ལ་སོགས་གཞན་ལ་ཕན་པ་སྟེར་བ་རྣམས་ནི་བོན་གྱི་སྦྱིན་པ་ཡིན་ཏེ། གཟི་བརྗིད་ལས། (བོན་གྱི་སྦྱིན་པ་ནི། རྒྱུ་ཡི་བོན་དང་འབྲས་བུའི་བོན་ནོ། དེ་ལ་རྒྱུ་ཡི་བོན་ནི་སྣང་སྲིད་ཀྱི་དགའ་བདེ་བསྐྱེད་པ་དང་། ཀུན་རྫོབ་ཀྱི་བདེན་པའོ། ཞེས་དང་། འབྲས་བུའི་བོན་ནི་ཐར་པའི་ལམ་ལ་གཞུག་པ་དང་། དོན་དམ་པའི་བདེན་པ་ལགས་ཏེ། དེ་ལ་ཡང་བདག་ཅག་གིས་ཀྱང་བོན་གྱི་སྦྱིན་པ་ཡོངས་སུ་གཏོང་བར་བྱའོ། ) ཞེས་གསུངས་པ་ལྟར། རྒྱུ་ཡི་བོན་ནི་འཕྲལ་གྱི་སྡུག་བསྔལ་ལས་ཉེ་བར་སྐྱོབ་པར་བྱེད་པའི་མོ། རྩིས། གཏོ། དཔྱད་ལ་སོགས་མཚན་བཅས་ཀྱི་དགེ་བ་རྣམས་སོ། འབྲས་བུའི་བོན་ནི། བསྐྱབ་བྱ་ཡུན་གྱི་སྡུག་བསྔལ་ནི། སྐྱེ་བ་དང་། ན་བ་དང་། རྒ་བ་དང་། འཆི་བའི་སྡུག་བསྔལ་གྱི་མཚམས་མི་བྱེད་པར་སྤྱོད་ཅིང་དེས་གཟིར་བ་ཡིན་ལ་དེ་ལས་ཉེ་བར་སྐྱོབ་པར་བྱེད་པའི་མཚན་མེད་ཀྱི་དགེ་བའི་ཆ་རུ་གྱུར་པ་རྣམས་འབྲས་བུའི་བོན་ནོ། ། |
| Domain | ཆོས་ལུགས། |