46806
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། བོན་ཉིད་ཀྱི་རང་བཞིན་ཅིར་ཡང་དམིགས་སུ་མེད་པའི་དོན་ལ་ཇི་བཞིན་མཉམ་པར་གནས་པའི་མཐུ་ནུས་ལས་བྱུང་བའི་སྤངས་རྟོགས་ཀྱི་ཡོན་ཏན་རྣམས་ལ་བཤད་དོ། །དེ་ལ་ཡང་ལྡོག་པའི་སྒོ་ནས་དབྱེ་ན་ཉེར་ལྔ་ཡོད། དེ་ལའང་། བཅའ་བ་དང་། བསྒྱུར་བ། གྲོལ་བ་གསུམ་ཡོད་དེ། དེ་ཉིད་ལས། བཅའ་བ་བོན་ཉིད་དབྱིངས་ནས་བཅའ། བསྒྱུར་བ་སྣང་མེད་མཁའ་ལ་བསྒྱུར། གྲོལ་བ་དངོས་མེད་ཀློང་ནས་གྲོལ། ཞེས་སོ། ། དེའི་དགོས་དོན་ནི། དེ་ཉིད་ལས། ཐབས་ཀྱི་ཕྱག་རྒྱ་འདིས་ཟིན་ན། བཅའ་རྒྱུ་འཆའ་བྱེད་བོན་ཉིད་དབྱིངས། བསྒྱུར་བྱ་སྒྱུར་བྱེད་སེམས་ཉིད་ཀློང་། གྲོལ་རྒྱུ་གྲོལ་བྱེད་རིག་པའི་རྩལ། དོན་ལ་བྱ་བརྩལ་མེད་པ་ལ། ཞེས་སོ། ། ཕྱག་རྒྱའི་ཚིག་གི་འབྲུ་དོན་ནི། འཁོར་འདས་ཕྱག་མ་བཏབ་པས་ཕྱག བོན་ཉིད་འདུ་འབྲལ་མེད་པས་རྒྱ། བོན་ཉིད་སྐུ་ཡི་ཕྱག་རྒྱ་ཡིན། ཞེས་གསུངས་པས། འཁོར་འདས་གཉིས་འཛིན་གྱི་རྟོག་ཚོགས་འཇོམས་བཅོམ་སྟེ་དུས་རྟག་ཏུ་བོན་ཉིད་ཅིར་ཡང་མ་ཡིན་པའི་ངང་དུ་མཉམ་པར་གནས་པའི་རྟོགས་པ་དང་ཏིང་ངེ་འཛིན་གྱི་རྒྱ་ཐེབས་ཤིང་དེ་ཡི་དབྱིངས་སུ་གྲོལ་བར་འགྱུར་བའི་དོན་དུ་བཤད་དོ། ། |
| Domain | [ཆོས་ལུགས།, ལྟ་གྲུབ།] |