46807

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བོན་ཉིད་སྐུ་ཡི་ཕྱག་རྒྱ་ཉེར་ལྔ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བོན་ཉིད་ཀྱི་རང་བཞིན་ཅིར་ཡང་དམིགས་སུ་མེད་པའི་དོན་ལ་ཇི་བཞིན་མཉམ་པར་གནས་པའི་མཐུ་ནུས་ལས་བྱུང་བའི་སྤངས་རྟོགས་ཀྱི་ཡོན་ཏན་རྣམས་ལ་བཤད་དོ། །དེ་ལ་ཡང་ལྡོག་པའི་སྒོ་ནས་དབྱེ་ན། ཉེར་ལྔ་སྟེ། གསང་འདུས་དོན་གྱི་རྒྱུད་ལས། དམིགས་སུ་མེད་པའི་བོན་ཉིད་ལ། མཚན་མ་མེད་པའི་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ཡིན། ༡ མ་བཅོས་བོན་སྐུ་ཁྱབ་བདལ་ལ། མི་གཡོ་མཉམ་པའི་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ལ། ༢ སྐྱེ་བ་མེད་པའི་བོན་ཉིད་དེ། འགག་པ་མེད་པའི་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ཡིན། ༣ སྤྲོ་སྡུད་མེད་པའི་བོན་ཉིད་ལ། བྱ་བཙལ་མེད་པར་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ལ། ༤ དངོས་པོ་མེད་པའི་བོན་ཉིད་ལ། ངོ་བོ་ཉིད་དུ་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ལ། ༥ འདི་ཞེས་མེད་པའི་བོན་ཉིད་ལ། གཟའ་གཏད་མེད་པར་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ལ། ༦ ཐམས་ཅད་འབྱུང་བའི་བ་ག་ལ། ཡངས་དོག་མེད་པར་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ལ། ༧ སྤྲོས་མཐའ་བྲལ་བའི་བོན་ཉིད་ལ། ཐིག་ལེ་ཉག་གཅིག་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ལ། ༨ མཐའ་དབུས་མེད་པའི་སེམས་ཉིད་ལ། རྒྱ་ཆད་མེད་པར་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ཡིན། ༩ ཁ་གཏིང་མེད་པའི་སེམས་ཉིད་ལ། སྟེང་མཐའ་བྲལ་བར་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ཡིན། ༡༠ ཡངས་དོག་མེད་མའི་ཕྱག་རྒྱ་ལ། ཀུན་ཁྱབ་ཀློང་ཆེན་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ཡིན། ༡༡ སེམས་ཉིད་ཀུན་ཏུ་བཟང་པོ་ལ། འདུ་འབྲལ་མེད་པར་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ལ། ༡༢ ངང་ཉིད་གཡོ་བ་མེད་པ་ལ། མཉམ་པར་གནས་པའི་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ཡིན། ༡༣ ཡེ་ཉིད་ངེས་པ་མེད་པ་ལ། འགྱུར་མེད་གཡུང་དྲུང་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ཡིན། ༡༤ དུས་གསུམ་སྔ་ཕྱི་མེད་པ་ལ། འགྲོ་འོང་མེད་པར་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ཡིན། ༡༥ སྣ་ཚོགས་ངེས་པ་མེད་པ་ལ། སྤང་བླང་མེད་པར་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ཡིན། ༡༦ སྣང་སྲིད་སྒྱུ་མའི་ཆོ་འཕྲུལ་ལ། དམིགས་གཏད་མེད་པའི་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ཡིན། ༡༧ འཁོར་འདས་ཐིག་ལེ་ཉག་གཅིག་ལ། བྱེ་བྲག་མེད་པར་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ཡིན། ༡༨ སྣ་ཚོགས་དུ་མ་རོ་གཅིག་ལ། དབྱེ་གཤག་མེད་པར་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ཡིན། ༡༩ སེམས་ཉིད་བཅོས་སླད་མེད་པ་ལ། འགྱུར་མེད་ཀ་དག་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ཡིན། ༢༠ མ་བཅོས་ཁྱབ་བདལ་ཆེན་པོ་ལ། ཕྱོགས་རིས་མེད་པའི་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ཡིན། ༢༡ མ་སླད་སོ་མ་གཉུག་མ་ལ། རྒྱུན་ཆད་མེད་པའི་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ཡིན། ༢༢ ཀུན་གཞི་ནམ་མཁའ་ལྟ་བུ་ལ། དམིགས་མེད་ཀློང་ཡངས་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ཡིན། ༢༣ གཞི་རྩ་བར་སྣང་ལྟ་བུ་ལ། རང་འབྱུང་དངོས་མེད་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ཡིན། ༢༤ གདོད་ནས་ངོ་བོ་སྟོང་པ་ལ། སྟོང་ཞིང་བདག་མེད་རྒྱ་ཐེབས་ན། བོན་ཉིད་དབྱིངས་ཀྱི་ཕྱག་རྒྱ་ཡིན། ༢༥ དབྱིངས་ཀྱི་ཕྱག་རྒྱ་ཉི་ཤུ་ལྔ། ཞེས་པས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]