46812
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བོན། ཀུན་འབྱུང་ལྟར། དེ་ཡང་ཕུན་སུམ་ཚོགས་པ་ལྔ་ཡི་ནང་གསེས་བོན་ཕུན་སུམ་ཚོགས་པ་ནི་ཡིད་བཞིན་གྱི་ནོར་བུ་ལྟར་ལེགས་པའི་ཡོན་ཏན་ཐམས་ཅད་འཚོགས་ཤིང་མ་འདུས་པ་མེད་པའི་བསྟན་པ་ཕུན་སུམ་ཚོགས་པ་དང་དོན་གཅིག་ཏུ་གནས་ཏེ། ཀུན་འབྱུང་ལས། བསྟན་པ་ཕུན་སུམ་འཚོགས་པ་ནི། གཤེན་རབས་བསྟན་པ་བོན་འབྱུང་བ། རྒྱལ་པོ་དམུ་རིག་འབྱུང་དམུ་རྒྱལ་ཐེམ་སྐས། སྟོན་པ་སྡེ་སྣོད་ཐ་དད་འདུལ་བྱར་སྟོན། ཞེས་པ་རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་བོན། འདུལ་བ་ཀུན་འབྱུང་དབྱིངས་དག་གི་གཞུང་སྟེ་བརྗོད་བྱ་རྒྱ་ཆེ་བ་དང་གཏིང་ཟབ་པས་ཕུན་སུམ་ཚོགས་པ་བསྟན་པའོ། ། |
| Domain | ཆོས་ལུགས། |