46813

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བོན་མི་འགྱུར་པའི་རྟགས་ལྔ་ (1)
Part of speech མིང་ཚིག
Definition བོན། སྟོན་པ་སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་དང་གཡུང་དྲུང་གི་བོན་རིན་པོ་ཆེ་དུས་གསུམ་དུ་མི་ནུབ་པའི་རྟགས་ཆེན་པོ་ལྔ་ནི། སྟོན་པ་གཤེན་རབ་མི་བོ་མཆོག་ནས་རྗེས་སུ་མངོན་པར་བཞག་གནང་སྟེ། ལྔ་ནི། དབྱར་གངས་དཀར་མོ་མི་ཞུ་བ་བོན་དུས་གསུམ་དུ་མི་ནུབ་པའི་རྟགས་དང། དགུན་རྒྱ་མཚོ་དང་ཆུ་མིག་མི་འཁྱགས་པ་བོན་དུས་གསུམ་དུ་མི་ནུབ་པའི་རྟགས། ཤིང་ཤུག་པ་ལ་ཧ་བྱས་པས་བདུད་རྩི་ཆགས་ཤིང་དབྱར་དགུན་སྔོ་བ་བོན་དུས་གསུམ་དུ་མི་ནུབ་པའི་རྟགས། མཚེ་ལ་ལྗགས་མཆིལ་བཏབ་པས་བདུད་རྩི་ཆགས་པ་དང་དབྱར་དགུན་སྔོ་ཞིང་དབྱར་དགུན་རླན་པ་ནི་བོན་དུས་གསུམ་དུ་མི་ནུབ་རྟགས། སྟོན་པ་འགྲོ་དོན་དུ་ཕེབས་སྐབས་ལྷ་གནས་ནས་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ནས་བྱོན་པས་བོན་པོའི་གོས་ལག་སྔོན་པོ་བྱས་པ་ཡང་བོན་དུས་གསུམ་དུ་མི་ནུབ་པའི་རྟགས་དང་ལྔ་སྟེ། མཛོད་སྒྲ་འགྲེལ་ལས། དགུན་གྱི་རྒྱལ་མོས་བསེན་དུ་གཟུང་ནས། གངས་དཀར་པོ་དབྱར་མི་འཇུ། གཡུང་དྲུང་གི་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས་སུ་བཞག།དབྱར་གྱི་རྒྱལ་མོས་བསེན་དུ་གཟུང་ནས། རྒྱ་མཚོའི་འབྲི་མིག་དང་ཆུ་མིག་གི་རྔོ་དགུན་མི་འཁྱག་པ། གཡུང་དྲུང་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས་སུ་བཞག ཤིང་ཤུག་པ་ལ་ཞལ་གྱི་ངད་པ་ཧ་བྱས་པས། ཤིང་ལ་བདུད་རྩི་ཆགས་ཏེ། ཤུག་པ་དབྱར་སྔོ་དགུན་དུ་སྔོ་ཡིན། དབྱར་རློན་དགུན་དུ་རློན་པ་གཡུང་དྲུང་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས་སུ་བཞག མཚེ་ལ་ལྗགས་ཀྱི་མཆིལ་མ་བཏབ་པས་བདུད་རྩི་ཆགས་ཏེ། མཚེ་དབྱར་སྔོ་དགུན་དུ་སྔོ་དབྱར་རློན་དགུན་དུ་རློན་པ་བོན་དུས་གསུམ་དུ་མི་འགྱུར་པའི་རྟགས་སུ་བཞག གཤེན་རབས་ཀྱིས་རྫུ་འཕྲུལ་གྱི་སྐུ་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་པས། བོན་པོ་གོས་ལག་སྔོན་པོར་བྱེད་པ་ཡང་གཡུང་དྲུང་གི་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས་སུ་བཞག་གོ །ཞེས་སོ། །
Domain ཆོས་ལུགས།