46902
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྒྲ་རྒྱན་གྱི་ནང་གསེས་ཏེ། རྐང་པ་བཞི་གའི་དབུས་ན་ཡོད་པ། མཐའ་ན་ཡོད་པ། བར་མཐའ་གཉིས་ཀ་ན་ཡོད་པ། ཐོག་བར་གཉིས་ཀ་ན་ཡོད་པ། ཐོག་མཐའ་གཉིས་ཀ་ན་ཡོད་པ། གནས་གསུམ་ག་ན་ཡོད་པ་བཅས་དྲུག་ཡོད་ཅིང་། དང་པོ། རྐང་པ་བཞི་གའི་དབུས་ན་ཡོད་པ་དེ་ལ། རྐང་པ་བཞི་གའི་དབུས་ན་ཡོད་པ་བར་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་དང་། རྐང་པ་བཞི་གའི་དབུས་ན་ཡོད་པ་བར་ཆོད་པའི་ཟུང་ལྡན་གཉིས། གཉིས་པ། རྐང་པ་བཞི་གའི་མཐའ་ན་ཡོད་པའི་ཟུང་ལྡན་དེ་ལ། རྐང་པ་བཞི་གའི་མཐའ་ན་ཡོད་པ་བར་ཆོད་པའི་ཟུང་ལྡན་དང་། རྐང་པ་བཞི་གའི་མཐའ་ན་ཡོད་པ་བར་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་གཉིས། གསུམ་པ། རྐང་པ་བཞི་གའི་བར་དང་མཐའ་ན་ཡོད་པའི་ཟུང་ལྡན་དེ་ལ། རྐང་པ་བཞི་གའི་བར་དང་མཐའ་ན་ཡོད་པའི་བར་ཆོད་པའི་ཟུང་ལྡན། རྐང་པ་བཞི་གའི་བར་དང་མཐའ་ན་ཡོད་པ་བར་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་གཉིས། བཞི་པ། རྐང་པ་བཞི་གའི་ཐོག་མ་དང་བར་ན་ཡོད་པའི་ཟུང་ལྡན་ལ། རྐང་པ་བཞི་གའི་ཐོག་མ་དང་དབུས་བར་ཆོད་པའི་ཟུང་ལྡན་དང་། རྐང་པ་དང་པོ་དང་གསུམ་པའི་ཐོག་མཐའ་གཉིས་དང་། གཉིས་པ་དང་བཞི་པའི་ཐོག་བར་ན་ཡོད་པའི་བར་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་གཉིས། ལྔ་པ། རྐང་པ་བཞི་གའི་ཐོག་མཐའ་གཉིས་ཀ་ན་ཡོད་པའི་ཟུང་ལྡན་ལ། རྐང་པ་བཞི་གའི་ཐོག་མཐའ་གཉིས་ཀ་ན་ཡོད་པ་བར་ཆོད་པའི་ཟུང་ལྡན་དང་། རྐང་པ་གཞི་གའི་ཐོག་མཐའ་གཉིས་ན་ཡོད་པའི་བར་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་གཉིས། དྲུག་པ། རྐང་པ་བཞི་གའི་གནས་གསུམ་ག་ན་ཡོད་པའི་ཟུང་ལྡན་ལ། རྐང་པ་བཞི་གའི་གནས་གསུམ་ན་ཡོད་པ་བར་ཆོད་པའི་ཟུང་ལྡན་དང་། རྐང་པ་བཞི་གའི་གནས་གསུམ་ག་ན་ཡོད་པའི་བར་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་གཉིས་སོ། ། |
| Domain | རྩོམ་རིག |