46912
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྦས་པ་མཛུབ་ཚུགས་ལས་གསུངས་པའི་མན་ངག་ཅིག་སྟེ། བརྩི་བྱའི་སྲོག་ལུས་དབང་གསུམ་གྱི་ཁམས་ཀྱིས་རང་ལོའི་ཀླུང་ཁམས་གཅོད་པ་ལ་ཟེར་ཞིང་། བརྩི་བྱ་དེར་སྤྱིར་བུ་དང་ཚ་བོ་མང་པོ་ཡོད་ཀྱང་ཐ་མར་མི་རབས་ཆད་ཉེན་ཡོད་པས། བཟློག་རིམ་ལ་སོ་འབྲང་དང་སྐུ་འབུམ་སྒྲོལ་མ་འདོན་པ་བཅས་བྱ་དགོས། གལ་སྲིད་བརྩི་བྱའི་ལོ་ཁམས་ཆུ་ཕག་ཡིན་པར་ཆ་བཞག་ན། སྲོག་ལུས་དབང་གསུམ་གྱི་ཁམས་ཆུ་དེ་རང་ལོའི་ཀླུང་ཁམས་མེ་ཡི་དགྲ་ཡིན་པས་གཅོད་པ་ལྟ་བུ་ཡིན། བྱེ་བྲག་ཏུ་ས་གླང་ལྟ་བུ་སྲོག་དབང་གཉིས་ཀྱིས་ཀླུང་རྟ་གཅོད་པའི་བྱ་དམར་མེ་ལེན་ཡིན་ན། བརྩི་བྱ་དེ་རིགས་ལ་བུ་མང་ཞིང་ཁྱིམ་ས་སོ་སོར་འཛིན། ནད་མོད་མྱ་ངན་སྨན་དུ་བྱེད་པས། བཅོས་སུ་མཆོད་རྟེན་བརྩིག་ཅིང་སཱཙྪ་གདབ་དགོས། ས་སྤྲེལ་ལྟ་བུ་སྲོག་ཁམས་ཁོ་ནས་ཀླུང་རྟ་གཅོད་པའི་བྱ་དམར་མེ་ལེན་ཡིན་ན། བརྩི་བྱ་དེ་རིགས་ལ་སྐྱིད་སྡུག་མཐོ་དམན་མང་དུ་འབྱུང་། རང་གིས་འབད་ཀྱང་གཞན་མི་མགུ། ཞང་ཉེ་སར་དར་གུད་ཆེ་བས། བཅོས་སུ་བརྒྱད་སྟོང་པ་དང་། བསྐལ་བཟང་། ཏིང་འཛིན། སྒྲོལ་མ་བཅས་གདོན་དགོས། ཤིང་ཁྱི་ལྟ་བུ་ལུས་ཁམས་ཁོ་ནས་ཀླུང་རྟ་གཅོད་པའི་བྱ་དམར་མེ་ལེན་ཡིན་ན། བརྩི་བྱ་དེ་རིགས་ལ་ལྷ་འདྲེ་གནོད་པས་བྱིས་པའི་སྒབ་མི་འཕེལ། ཞང་ཉེ་དགྲར་ལྡང་། ཆུང་ལ་བྱས་པས་གཞན་མི་མགུ། མ་བུའི་འཕུང་འདྲེ་གནོད། ཉི་མ་གཅིག་ལ་སྐྱིད་སྡུག་མང་པོ་འབྱུང་བས། བཅོས་སུ་བྱིས་སྟོན་དང་། སྒྲོལ་མ། ཀླུང་རྟའི་བསྐྱེད་ཆོག་བཅས་བྱ་དགོས། ས་སྦྲུལ་ལྟ་བུ་དབང་ཁམས་ཁོ་ནས་ཀླུང་རྟ་གཅོད་པའི་བྱ་དམར་མེ་ལེན་ཡིན་ན། བརྩི་བྱ་དེའི་ཕ་མེས་ལས་ཐོབ་པའི་ཡིད་ཚང་འཆོར་ཞིང་། ནོར་ལ་ཁ་སྨྲས་དང་ཆོས་ལ་མི་དད་པ་འབྱུང་ཉེན་ཡོད་པས། བཅོས་སུ་བསྐལ་བཟང་དང་གསེར་འོད། དཔང་བསྐོང་ཕྱག་རྒྱ་བཅས་གདོན་དགོས། སྐར་རྩིས་ཀུན་འདུས་ཆེན་མོར་བརྩི་བྱ་དག་གི་ཀླུང་ཁམས་སོ་སོའི་སྲོག་ལུས་དབང་གསུམ་གྱི་དགྲའམ་བུ་རུ་འགྲོ་བ་དང་། ཤིང་ལྕགས་མེ་གསུམ་ནང་ཕྲད་ཡིན་པ་བྱ་དམར་མེ་ལེན་ཡིན་པར་དཔེར་བརྗོད་ཀྱི་ལམ་ནས་གསུངས་འདུག་ཀྱང་། བདག་གིས་སྲོག་ལུས་དབང་གིས་ཀླུང་རྟ་ལ་བཅད་པ་ཞེས་གསུངས་པའི་བྱེད་སྒྲའི་ཕྲད་དང་། བཅད་པའི་འབྲས་དཔྱད་ལ་གཞིགས་ནས་ཕྱིར་ལྡོག་སྟེ་སྲོག་ལུས་དབང་གསུམ་གྱི་ཁམས་རང་ལོའི་ཀླུང་ཁམས་ཀྱི་དགྲར་འགྲོ་བ་དག་དང་། དེ་མིན་གོང་བཞིན་ཤིང་ལྕགས་མེ་སྐར་མ་ཡིན་པར་ངོས་འཛིན་བྱེད་ཡོད་པས་རིག་པས་དཔྱོད་ཅིག |
| Domain | རྩིས་རིག |