46934
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷན་ཅིག་བརྗོད་པའི་རྒྱན་གྱི་ནང་གསེས་གསུམ་པ་སྟེ། བརྗོད་པར་འདོད་པའི་ཁྱད་གཞི་ཐ་དད་པ་རྣམས་ཀྱིས་བྱ་བ་གཅིག་མཉམ་དུ་ཚོགས་པ་ལྟར་བྱས་ནས་ཐུན་མོང་གི་བྱ་བ་སྟོན་བྱེད་ཀྱི་ཚིག་གཅིག་ཏུ་བསྡུས་ཏེ་བརྗོད་པ་ཞིག་ཡིན། |
| Example | བོད་མཁས་པས། སྲིད་པའི་སྐྱོན་གྱིས་རབ་བསྐྱེད་སྐྱོ་བ་དང་། །ཐར་པའི་ཡོན་ཏན་དྲན་པའི་དད་པ་དང་། །དེའི་རྒྱུ་དགེ་ལ་འདུན་པའི་བརྩོན་འགྲུས་ཏེ། །གསུམ་པོ་འདི་ནི་ལྷན་ཅིག་འཕེལ་བར་འགྱུར། །ཞེས་པ་ལྟ་བུ། |
| Domain | རྩོམ་རིག |