46935

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱ་བ་གྲུབ་པའི་ཡེ་ཤེས་ (1)
Part of speech མིང་ཚིག
Definition མདོ། ཐེག་ཆེན། བྱ་བ་གྲུབ་པའི་ཡེ་ཤེས་ལ་གཉིས་ལས། རྒྱུ་ལ་ངོ་བོའི་རྒྱུ་ནི་གཞན་གྱི་བྱ་བ་སྒྲུབ་པ་ལ་བརྟེན་ནས་བྱུང་བ་ཡིན་ཏེ། བྱ་བ་སྒྲུབ་པ་ཉིད་ཀྱི་ཕྱིར། །ཞེས་སོ། །གནས་འགྱུར་གྱི་རྒྱུ་ནི་སྒོ་ལྔའི་རྣམ་པར་ཤེས་པའོ། །ངོ་བོའི་ཁྱད་པར་ནི་སེམས་ཅན་གྱི་ཁམས་དང་། བག་ལ་ཉལ་མཁྱེན་པའི་སྒོ་ནས་འཇོག་པའོ། །ཞེས་ཀུན་མཁྱེན་གོ་རམས་པས་དབུ་མ་སྤྱི་དོན་ལས་གསུངས་སོ། །འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སྤྲུལ་པས་སེམས་ཅན་གྱི་དོན་མཛད་པའི་ཡེ་ཤེས་དེ། བྱ་གྲུབ་ཡེ་ཤེས་ཀྱི་མཚན་ཉིད། དེ་སྐད་དུ་ཡང། བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་གསུམ་ཀུན་ཏུ་སྣ་ཚོགས་ཤིང། །དཔག་མེད་བསམ་ཡས་སྤྲུལ་པ་ཡི། །སེམས་ཅན་དོན་ཀུན་བསྒྲུབ་པའོ། །ཞེས་སོ་ཞེས་པཎ་ཆེན་ཤཱཀ་མཆོག་གིས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། །
Domain ཆོས་ལུགས།
བྱ་བ་གྲུབ་པའི་ཡེ་ཤེས་ (2)
Part of speech མིང་ཚིག
Definition བྱ་བ་གྲུབ་པའི་ཡེ་ཤེས་ནི། གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་དང་བག་ལ་ཉལ་དབང་པོའི་རིམ་པ་རྣམས་མངོན་སུམ་གྱིས་མཁྱེན་པའི་ངོ་བོ་ཅན་དང༌། བྱེད་ལས་གཞན་དོན་དུ་སྤྲུལ་པ་སྣ་ཚོགས་པ་སྤྲུལ་བའི་བྱེད་ལས་ཁྱད་པར་ཅན་དང་ལྡན་པ་ཡིན་ནོ། །