46939
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྦྱར་བའི་རྒྱན་གྱི་ནང་གསེས་གསུམ་པ་སྟེ། སྦྱར་གཞི་དངོས་པོ་གཉིས་ཀྱི་ངོ་བོ་ཐ་དད་པ་ཡིན་ཡང་དེ་གཉིས་ཀའི་སྦྱར་ཆོས་ཀྱི་བྱ་བ་ཐ་དད་མིན་པ་སྟེ་བྱ་བ་གཅིག་ཏུ་བརྗོད་པ་ལྟ་བུ་ཞིག་ལ་ཟེར། |
| Example | བོད་མཁས་པས། རང་བཞིན་མི་བརྟན་གྱ་གྱུའི་བགྲོད་པ་ཅན། །ཀུན་གྱི་ཐུན་མོང་སྤྱད་བྱར་གྱུར་པའི་ཡུལ། །དབྱར་གྱི་ཆུ་ཀླུང་རབ་ཏུ་རྒྱས་པ་དང་། །ལང་ཚོ་མས་ཀྱང་སྐྱེ་བོ་ཐུར་དུ་འདྲེན། །ཞེས་པ་ལྟ་བུ། |
| Domain | རྩོམ་རིག |