4694

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲིད་ཡིག་ཟབ་དོན་གནད་ཀྱི་ལྡེའུ་མིག་ (1)
Part of speech མིང་ཚིག
Definition ས་སྐྱ། མཚན་རྒྱས་པ་བློ་སྦྱོང་ཞེན་པ་བཞི་བྲལ་གྱི་ཁྲིད་ཡིག་ཟབ་དོན་གནད་ཀྱི་ལྡེའུ་མིག་ཅེས་བྱ། འདི་ནི་ཕར་ཕྱིན་ཐེག་པའི་ཉམས་ལེན་གྱི་གནད་མཐའ་དག་འདུས་པའི་བློ་སྦྱོང་ཞེན་པ་བཞི་བྲལ་གྱི་གདམས་པའི་འགྲེལ་བ་ཞིག་སྟེ། ཚེ་འདི་ལ་ཞེན་པ་དང་བྲལ་ནས་བློ་ཆོས་སུ་འགྲོ་བར་བྱེད་པ་དང་། འཁོར་བ་ལ་ཞེན་པ་དང་བྲལ་ནས་ཆོས་ལམ་དུ་འགྲོ་བར་བྱེད་པ་དང་། བདག་དོན་ལ་ཞེན་པ་དང་བྲལ་ནས་ལམ་འཁྲུལ་བ་སེལ་བར་བྱེད་པ་དང་། མཐའ་བཞིར་ཞེན་པ་དང་བྲལ་ནས་འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱེད་པ་སྟེ། ས་བཅད་བཞིའི་སྒོ་ནས་ཞེན་པ་བཞི་བྲལ་གྱི་ཚིག་དོན་རྣམས་ལེགས་པར་སྟོན་པའི་གདམས་ངག་ཅིག་གོ ། ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེས་སྨིན་དྲུག་ཟླ་བའི་ཡར་ཚེས་གསུམ་ལ་མདོ་མཁར་གྱི་དབེན་གནས་དམ་པར་མཛད་དོ། །འདི་བརྩམས་ལོ་མི་གསལ།
Domain ཆོས་ལུགས།