From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བྱ་བ་བཞི་པོའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་རྣམ་པ་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། བྱ་བ་དང་པོའི་མི་མཐུན་པའི་ཕྱོགས་སྙོམས་ལས་དང་། ལེ་ལོ། བྱ་བ་གཉིས་པའི་མི་མཐུན་པའི་ཕྱོགས་འཇིག་ཚོགས་ལ་ལྟ་བ། བྱ་བ་གསུམ་པའི་མི་མཐུན་པའི་ཕྱོགས་རོ་དང་འདོད་ལ་ཆགས་པ། བྱ་བ་བཞི་པའི་མི་མཐུན་པའི་ཕྱོགས་འཇིག་རྟེན་པ་རྣམ་པ་སྣ་ཚོགས་ལ་འདུན་པའི་འདོད་ཆགས་དང་རྗེས་སུ་ཆགས་པའོ། །
|
| Domain
|
ཆོས་ལུགས།
|
བྱ་བ་བཞི་པོའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་རྣམ་པ་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
ཞི་གནས་དང་ལྷག་མཐོང་གི་ཕྱོགས་ལ་སེམས་མུན་པར་གྱུར་པ། སྙོམས་པར་འཇུག་པ་ལ་རོ་མྱང་བའི་རྗེས་སུ་འབྲང་བའི་སྲེད་པ། སྐྱེ་བ་ལ་གཡོ་བའི་མཚན་མའི་རྗེས་སུ་འབྲང་བའི་སེམས། སང་དང་སང་དུ་བཤོལ་ཏེ་དུས་གཞན་ལ་ལྟོས་ཤིང་མི་འཆི་བའི་རྟོག་པ་དང་ལྡན་པའི་བརྟུལ་པར་སྦྱོར་བར་མི་བྱེད་པའོ། །
|