46952

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱ་བ་བྱེ་བྲག་གི་རྒྱུད་གསུམ་ (1)
Part of speech མིང་ཚིག
Definition སྔགས། བྱ་རྒྱུད། བྱ་བའི་རྒྱུད་ལ་སྤྱི་རྒྱུད་དྲུག་དང་བྱེ་བྲག་གི་རྒྱུད་གསུམ་དུ་གསུངས་པ་ལས། ཕྱི་མ་སྟེ། གསང་སྔགས་ལུང་གི་བང་མཛོད་ལས། བྱ་བ་བྱེ་བྲག་གི་རྒྱུད་ལ་ཡང་གསུམ་སྟེ༔ འཇམ་དཔལ་གྱི་སྐོར་དང་༔ སྤྱན་རས་གཟིགས་ཀྱི་སྐོར་དང་༔ ཕྱག་ན་རྡོ་རྗེའི་སྐོར་རོ༔ འཇམ་དཔལ་གྱི་སྐོར་ལ༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་དྲི་མ་མེད་པའི་རྒྱུད་དང་༔ འཇམ་དཔལ་རྣོན་པོ་སྒྲིབ་པ་མེད་པའི་རྒྱུད་དང་༔ དྲག་པོ་སྤྱོད་རྒྱུད་དོ༔ སྤྱན་རས་གཟིགས་ཀྱི་སྐོར་ལ༔ ཟ་མ་ཏོག་ཆེ་ཆུང་དང་༔ པདྨ་དབང་ཆེན་གྱི་སྐོར་རོ༔ ཕྱག་ན་རྡོ་རྗེའི་སྐོར་ལ༔ ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དོ༔ དེ་དག་ནི་བཅོམ་ལྡན་འདས་ཀྱིས་རིགས་གསུམ་མགོན་པོ་ལྟ་བུར་སྤྲུལ་ནས༔ ཐུན་མོང་གི་གནས་ཆུ་བོ་ནཻརཛྙཱནཱའི་འགྲམ་དང་༔ ཁྱད་པར་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་དུ༔ ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞུ་བ་ཕུལ་ནས་ཀྲིཡའི་ཆོས་སྐོར་གསུངས་སོ༔ ཞེས་གསུངས།
Domain ཆོས་ལུགས།