46954
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། གདམས་ངག་གསུམ་ལ་གསུམ་ཚོ་ལྔ་ཡོད་པའི་ནང་གསེས་ཀྱི་གསུམ་ཚོ་གཅིག་སྟེ། སྒོ་གསུམ་ལ་མཁས་པར་བྱ་བ་དང། སྔགས་གསུམ་ལ་བསླབ་པར་བྱ་བ་དང། གྲོང་ཁྱེར་གསུམ་བཤིག་པར་བྱ་བའོ། །དེ་ཡང་། མདོ་དགོངས་པ་འདུས་པའི་ལེའུ་གཉིས་པ་ལས། སྒོ་གསུམ་ལ་མཁས་པར་བྱའོ། །སྔགས་གསུམ་ལ་བསླབ་པར་བྱའོ། །གྲོང་ཁྱེར་གསུམ་བཤིག་པར་བྱའོ་ཞེས་བཀའ་བསྩལ་པས། དྲི་བ་གཉིས་པའི་ཡོངས་སུ་རྟོག་པ་ཆད་དོ། །ཞེས་གསུངས། མདོ་འགྲེལ་མུན་པའི་གོ་ཆར་འདི་གསུམ་ལ། བྱ་བ་བྱེད་པའི་བསླབ་པའི་གདམས་ངག་གསུམ། ཞེས་བསྟན། |
| Domain | ཆོས་ལུགས། |