46956

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱ་བ་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་ལས་བྱུང་བ་སྟེ། ༡ སྟོན་པ་ནི། སེམས་ཅན་རྣམས་ལ་སྐྱེས་བུ་ཆེན་པོ་བཞིན་མོས་ཤིང་སྐྱེས་བུའི་བྱ་བའི་ཐབས་ཤེས་པའོ། ། ༢ འཇུག་པ་ནི། རྟོགས་པར་ཆུད་པའི་ཐབས་ཤེས་པའོ། ། ༣ གཅོད་པ་ནི། དྲང་བའི་ཐབས་ཤེས་པའོ། ། ༤ འདོགས་པར་བྱེད་པ་ནི། བསྟན་པའི་ཚུལ་གྱིས་ཡོངས་སུ་སྨིན་པའི་ཐབས་ཤེས་པའོ། །
Domain ཆོས་ལུགས།