46964

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱ་བ་འགལ་མིན་གྱི་སྦྱར་བ་ (1)
Part of speech མིང་ཚིག
Definition སྦྱར་རྒྱན་གྱི་ནང་གསེས་བཞི་པ་སྟེ། སྦྱར་ཆོས་མི་འདྲ་བ་མང་པོའི་བྱ་བ་རྣམས་ཁྱད་གཞི་ལས་ཐ་དད་ཡིན་ཀྱང་བྱ་བ་དེ་དག་འབྲས་བུ་རིགས་གཅིག་གི་གྲོགས་སུ་འགྱུར་བར་སྟོན་པ་ཞིག་ཡིན།
Example བོད་མཁས་པས། བདུད་རྩིའི་རང་བཞིན་དྲི་མར་གྱུར་པ་རྣམས། །དག་བྱེད་ཚད་མས་འགྲོ་བའི་ཡིད་བསིལ་བ། །ལེགས་པར་བཤད་པའི་ཆོས་ནི་ཐོས་བྱས་ཏེ། །བསླབ་གཞིའི་རིམ་པ་རྒྱུད་ལ་བརྟན་པར་བྱ། །ཞེས་པ་ལྟ་བུ།
Domain རྩོམ་རིག