46967

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱ་བ་རྒྱུའི་རྣལ་འབྱོར་ (1)
Part of speech མིང་ཚིག
Definition སྔགས། ཨནུཡོག རྙིང་མ། བྱ་བ་རྒྱུའི་རྣལ་འབྱོར་ནི། ཀུན་གཞི་རྒྱུ་ཡི་རྒྱུད་དང་གཅིག་པ་སྟེ། བཀའ་བརྒྱད་རྣམ་བཤད་ལས། ལུང་གི་སྐོར་ལ་བརྟེན་ནས་སྣང་བའི་ཆ་ཡེ་ནས་དག་པ་ཀུན་ཏུ་བཟང་པོ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་། དེའི་སྟོང་ཆ་ནི་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་ཏེ། དབྱིངས་རིག་དེ་གཉིས་ཀྱང་སོ་སོ་མ་ཡིན་ཐ་མི་དད་དུ་དབྱེར་མེད་པ་ནི་སྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ། འདི་ནི་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་དག་མཉམ་བདེ་བ་ཆེན་པོ་སྟེ། ལུང་གཞན་ལས་ཀུན་གཞི་རྒྱུ་ཡི་རྒྱུད་དང་། བྱ་བ་རྒྱུའི་རྣལ་འབྱོར་ཞེས་ཀྱང་གསུངས་སོ། །ཞེས་གསལ།
Domain ཆོས་ལུགས།