46974
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། བཤེས་གཉེན་བླ་མ་བསྟེན་ཚུལ་ལས། སློབ་མ་ལ་ཚང་དགོས་པའི་ཐུགས་གཤིས་བཟང་པོ་ཞིག་སྟེ། རྫོགས་ཆེན་ཡང་རྩེ་ཀློང་ཆེན་ལས། བྱ་བ་སྲོལ་ལྔའི་སྒོ་ནས་བླ་མ་བསྟེན། ཞེས་སོ། །ལྔ་ནི། སྔོན་འགྲོ་བཀའ་ལུང་རྒྱ་མཚོ་ལས། ལས་བཟང་པོ་དང་ངན་པ་སོགས་ཅི་དང་ཅི་ལྟ་བུའི་བཀའ་སྩལ་ཀྱང་ཐེག་པ་ས་གཞིའི་སྲོལ་ལྟ་བུ། དེའི་ཕྱོགས་སུ་དཀའ་ཚེགས་དང་ཚ་གྲང་ལ་སོགས་སྡུག་བསྔལ་ཅི་བྱུང་ཡང་དྲིན་མི་བརྩི་བ་གྲུ་པའི་སྲོལ་ལྟ་བུ། ཚིག་རྩུབ་དང་ཁྲོ་གཏུམ་སོགས་བཀའ་བཀྱོན་དྲག་པོས་ཚར་བཅད་ཀྱང་ཁྲོ་བ་དང་འཁོན་འཛིན་མེད་པ་འདྲིས་པ་ཁྱིའི་སྲོལ་ལྟ་བུ། ཡུན་རིང་པོ་ཅི་ཙམ་བསྟེན་ཀྱང་མི་དད་པ་དང་མི་མོས་པའི་སེམས་མེད་པ་མའི་ཕྱིན་བུ་འབྲངས་པའི་སྲོལ་ལྟ་བུ། དུས་དང་གནས་སྐབས་ཐམས་ཅད་དུ་བྱ་བ་སྤྱོད་ལམ་གང་ཡང་བླ་མའི་ཐུགས་དང་བསྟུན་ནས་བསྒྲུབ་ཅིང་ཐུགས་དང་འགལ་བའི་རིགས་ཐམས་ཅད་སྤང་ཤེས་པ། འབངས་དང་རྒྱལ་པོའི་སྲོལ་གྱིས་བླ་མ་བསྟེན་པའོ། །ཞེས་སོ། ། |
| Domain | ཆོས་ལུགས། |