46986
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། འདི་ལ་བྱ་བ་རྒྱུའི་རྣལ་འབྱོར་ཞེས་ཀྱང་གསུངས། མདོ་དགོངས་པ་འདུས་པ་ལས་གསུངས་པའི་གཞི་རྒྱུ་འབྲས་བུའི་དོན་དུ་གྱུར་པའི་རྣལ་འབྱོར་རྣམ་པ་གསུམ་གྱི་ཡ་གྱལ་ཞིག་སྟེ། ཤེས་པར་བྱ་བའི་རྒྱུའི་ངོ་བོ་རང་བཞིན་གྱི་རྣལ་འབྱོར་ཡེ་ནས་གཉིས་སུ་མེད་པའི་ཕྱིར་བྱ་བའི་རྣལ་འབྱོར་ཞེས་བྱ། ཁོག་དབུབ་ཉི་སྣང་ལས། ཤེས་བྱ་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཉིད་ཇི་བཞིན་པའི་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པའམ། སེམས་ཉིད་རང་བྱུང་གི་ཡེ་ཤེས་གཉིས་མེད་ལྷུན་གྲུབ་གཉིས་ཀྱི་མཐའ་ལས་གྲོལ་བ། དབུ་མ་ཙམ་དུའང་དམིགས་སུ་མེད་པ། དགག་སྒྲུབ་ཐམས་ཅད་དང་བྲལ་བའི་ངང་དུ་ཡེ་ནས་གནས་པ་ནི་བྱ་བའི་རྣལ་འབྱོར་རོ། །ཞེས་གསུངས། འདི་ལ་དབྱེ་ན་ཕྱིའི་རྣལ་འབྱོར་དང། ནང་གི་རྣལ་འབྱོར་དང། ཕྱི་ནང་གི་རྣལ་འབྱོར་གསུམ་མོ། །འདིའི་མིང་གི་རྣམ་གྲངས་ལ་མདོ་དགོངས་པ་འདུས་པ་ལེའུ་བརྒྱད་པ་ལས་བྱུང་བ་ལྟར། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད། སེམས་ཀྱི་སྟོང་པ་ཉིད། མཐའ་ལས་འདས་པ། དབུ་མར་མི་དམིགས་པ། སངས་རྒྱས་ཀུན་གྱི་དངོས་གཞི། སྤྲུལ་པ་ཀུན་གྱི་འབྱུང་གནས། སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན། ཞིང་ཁམས་ཀུན་གྱི་སྒྲོན་མ། ཐུགས་རྗེ་ཐབས་ཀྱི་འབྱུང་གནས། ཆོས་ཐམས་ཅད་ཀྱི་གཟུགས་བརྙན་སྣང་བ་བཅས་སུ་བརྗོད། |
| Domain | ཆོས་ལུགས། |