47002
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། སྒོམ་ལམ་དང་ཁྱད་པར་གྱི་ལམ་ལ་གནས་པའི་རྣལ་འབྱོར་པ་གནས་ལུགས་མཉམ་ཉིད་མ་བཅོས་པའི་དོན་སྒོམ་པ་དག་གི་སྤྱོད་པ་སྟེ། མཆོད་རྟེན་བརྩིགས་པ་དག་གི་ལས་ཆེད་དུ་མི་བྱ་བ། གླེགས་བམ་ཀློག་པའམ་གདོན་པར་ཡང་མི་བྱ་བ། བྲིས་སྐུ་དང་དཀྱིལ་འཁོར་གྱི་བྱ་བ་སོགས་གཟུགས་བརྙ༷ན་བརྩམ་པའི་ལས་ཀྱི་བྱ་བ་མི་བྱ་བ། དོན་ལས་གཡེང་བར་འགྱུར་བས་ལག་གི་ཕྱག་རྒྱ་མི་བཅིང་། ཏིང་འཛིན་ལ་སྒྲིབ་ཕྱིར་ངག་གིས་སྔགས་བཟླ་བར་མི་བྱ་བ། སུ་ལའང་ལུས་ཀྱི་ཕྱག་འཚལ་བར་མི་བྱ་བ། རྙེད་བཀུར་ཆེད་དུ་བལྟ་བར་མི་བྱ་བ། འཇིག་རྟེན་གྱི་ཁེ་སྒྲུབ་ཕྱིར་བལྟ་བར་མི་བྱ་བ། གྲགས་པ་འདོད་ཕྱིར་མི་སྤྱོད་པ་སྟེ་བྱ་བྱེད་མི་བཅོས་པའོ། ། |
| Domain | ཆོས་ལུགས། |