4701
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བོན། མི་གཙང་པ་ལ་སོགས་སྤངས་པའི་ཁྲིམས་དང་ལྡན་པའི་དགེ་བསྙེན་པ་དང་། ཁྲིམས་ཉི་ཤུ་རྩ་ལྔའི་སྡོམ་པ་དང་ལྡན་པའི་གཙང་གཙུག་པ་དང་། དག་པ་དྲང་སྲོང་གི་ཁྲིམས་དང་ལྡན་པའི་དྲང་སྲོང་པ་རྣམས་ཀྱིས་ཆགས་པའི་དབང་གིས་འཁྲིག་སྤྱོད་མི་བྱེད་པ་ནི་ཁྲིམས་ཀྱིས་བསྲུང་བ་ཡིན་ཏེ། ཀུན་འབྱུང་ལས། ཁྲིམས་ཀྱིས་བསྲུང་བའི་སྡོམ་འཛིན་པའོ། །ཞེས་དང་། རྗེ་ཡི་འདུལ་འགྲེལ་ལས། ཡུལ་གྱི་ཡན་ལག་དགེ་བསྙེན་ལ་སོགས་ཁྲིམས་ཀྱིས་བསྲུང་བ་ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |