47011

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱ་བྲལ་བློ་བཟང་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ལྕགས་ཁྱི་ཕྱི་ལོ ༡༦༧༠ ལོར་གཙང་ཁུལ་ལྕགས་ལུང་པར་ཡབ་མགོན་པོ་ཚེ་རྒྱལ་དང་། ཡུམ་སྲས་མོ་ལེགས་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་བཀྲ་ཤིས་ལྷུན་པོར་ཕེབས། གྲུབ་ཆེན་བློ་བཟང་བྱམས་པ་ལས་རབ་བྱུང་དང་། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ལ་བློ་བཟང་རྣམས་རྒྱལ་ཞེས་གསོལ། ཐོས་བསམ་གླིང་དུ་ཞུགས། ཞལ་སྔ་འཇམ་དབྱངས་ཆོས་འཕེལ་བསྟེན་བསྡུས་གཞུང་དང་། ཚད་མ་རྣམ་འགྲེལ་ལ་སོགས་པའི་ཚད་མ་སྡེ་བདུན་དང་། མངོན་རྟོགས་རྒྱན། དབུ་མ། འདུལ་བ་སྡེ་བཞི། མཛོད་བཅས་ལ་མཁས་པར་བསླབས། པཎ་ཆེན་བློ་བཟང་ཡེ་ཤེས་དང་། ཞབས་དྲུང་ལྷ་པ་བློ་བཟང་འཕྲིན་ལས་སྣར་ཐང་བརྒྱ་རྩ་དང་། བྱང་ཆུབ་ལམ་རིམ། སྤྱོད་འཇུག་ཇོ་བོའི་ཆོས་ཆུང་བརྒྱ་རྩ། སྔགས་རིམ་ཆེན་པོ། དབེན་ས་སྙན་བརྒྱུད་བཅས་གསན། གཞན་ཡང་དགེ་བཤེས་བློ་བཟང་ཚེ་དབང་དང་། བློ་བཟང་རིག་གྲོལ། བྱ་བཏང་འཕྲིན་ལས་ཆོས་འཕེལ། གྲུབ་དབང་ཆོས་ཀྱི་རྒྱ་མཚོ་བཅས་ལས་དབང་ལུང་མན་ངག་མང་དུ་གསན། སོ་བདུན་པར་པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་པར་རྫོགས། གསང་བདེ་འཇིགས་གསུམ་དང་། དུས་འཁོར། ཚེ་དཔག་མེད་ལྷ་དགུ མི་འཁྲུངས་པའི་དབང་ཆེན་བཅས་དབང་ལུང་མན་ངག་མཐའ་ཡས་པ་གསན། རྡོ་རྗེ་འཛིན་པ་ལྷུན་གྲུབ་རྒྱ་མཚོ་དང་། འདུལ་འཛིན་དཀོན་མཆོག་གཉིས་ལས་བསྐྱེད་རྫོགས་ཀྱི་ཟབ་ཁྲིད། ནཱ་རོ་ཆོས་དྲུག་གི་ཁྲིད། བློ་སྦྱོང་གི་དམར་ཁྲིད་བཅས་ལ་གསན། ར་སྒྲེང་གི་བྲག་སེང་གེའི་ཞོལ་ལ་ཕེབས། སྒྲུབ་པ་ཉམས་ལེན་མཛད། རྟོགས་པའི་ཡོན་ཏན་ལ་མངའ་བརྙེས། ཙ་རི་དང་། འཕྱོངས་རྒྱས། འོལ་ཁ། རྫིང་ཕྱི། ཛ་མ་ཁ་རག བྲག་རྒྱ་རྡོ་རྗེའི་ཕོ་བྲང་། རྟ་ནག་ཆོས་སྡིང་། དངུལ་ཆུ་རི་ཁྲོད། དིང་རི། བྲག་དམར་མཚོང་ལུང་། ཁུ་བྱུང་དབེན་རྫོང་། སྐྱིད་ཕུག་ཉི་མ་རྫོང་། བལ་ཡུལ་བྱ་རོང་ཁ་ཤོར། ལྷ་ལྔ་ཕུག་མེ་ཏོག་མདངས་ཅན། རྫ་ཕུག་བཅས་ལ་བཞུགས། རྒྱལ་ཁམས་འགྲིམས་པའི་རྣལ་འབྱོར་པ་མཛད། སྐལ་ལྡན་གྱི་བུ་སློབ་རྣམས་ལ་ཆོས་ཀྱི་སྦྱིན་པ་ཕངས་མེད་དུ་གནང་། རེ་གཅིག་པར་བཀྲ་ཤིས་ལྷུན་པོར་ཕེབས། པཎ་ཆེན་བློ་བཟང་ཡེ་ཤེས་ལས་པཎ་ཆེན་བཀའ་འབུམ་གྱི་ལུང་ལམ་རིམ་མྱུར་ཁྲིད་བཅས་གསན། གདུལ་བྱ་རྣམས་ལ་མདོ་སྔགས་ཆོས་འཁོར་བསྐོར། བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ། དོན་གཉིས་པ་རབ་བྱུང་བཅུ་གཉིས་པའི་ལྕགས་བྱ་ཕྱི་ལོ ༡༧༤༡ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི། ལོ་ཙཱ་བ་ལྷ་བཙུན་བློ་བཟང་འབྱུང་གནས་དང་། སྔགས་རམས་པ་ཡེ་ཤེས་སྐལ་ལྡན་རྣམ་གཉིས་ཡིན། གསུང་རྩོམ་ནི་གཅོད་གཞུང་ཐར་འདོད་དེ་དཔོན་མའི་ཊིཀྐ་ཚིགས་དོན་གསལ་བའི་སྒྲོན་མེ་དང་། གནས་བསྟོད་ཉམས་མགུར་བཅས་བཞུགས། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ལྔ་བཅུ་པ་ཡིན།
Synonyms གྲུབ་དབང་བློ་བཟང་རྣམ་རྒྱལ།

{{#arraymap:བྱ་བྲལ་བློ་བཟང་རྣམ་རྒྱལ་

|; |@@@ | | }}