47017
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱེའུ་ཕ་ཝང་དང་འདྲ་ལ་དེ་ལས་ཆེ་བའི་སྲོག་ཆགས་སུག་བཞི་ཅན། རྫ་རི་དང་ནགས་ཚལ་དུ་གནས་ཤིང་། རྒྱབ་ནག་སྐྱ་ཡིན་པ། ཤིང་ཐོག་དང་ཤིང་ཤུན་དང་འབུ་སོགས་ཟ། གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། བྱ་ལྟར་འདབ་གཤོག་དབྱིབས་དོད་ཅིང་། བྱི་ལ་བཞིན་དུ་མཆེ་སྡེར་ལྡན། །དེ་གཉིས་དངོས་ནི་མ་ཡིན་པས། །བྱ་མ་བྱི་ཞེས་བཤད་པ་ཡིན། །ཞེས་གསུངས། ལེགས་སྦྱར་གྱི་སྐད་དུ་ཙ་ཊ་ཀ་ཟེར། ཤ་ཡིས་མོ་ནད་སེལ། རུས་པས་བུ་འབྱིན་རྩ་ནད་སྦྱོང་། |