47058
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དང་པོའི་ཤིང་ཡོས་ཕྱི་ལོ ༡༠༧༥ ལོར་སྟོད་ལུང་གོལ་གོ་ལུང་དུ་ཡབ་གཡུང་དྲུང་བརྟན་འབར་དང་། ཡུམ་གྱི་ལྗང་བཟའ་ལྕམ་བུ་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་གཉིས་པའི་ས་རྟ་ཕྱི་ལོ ༡༡༣༨ ལོར་སྐུ་གཤེགས། བྱིས་དུས་ནས་ཡབ་གཤེགས། ཡུམ་གཞན་དུ་བག་མར་སོང་བས་ནེ་ནེ་མོ་ཞིག་གིས་བསྐྱངས། བཅུ་པར་སྤྱན་སྔ་བའི་སློབ་མ་ཡེ་ཤེས་རྒྱལ་མཚན་ལས་རབ་ཏུ་བྱུང་། མཚན་ལ་གཞོན་ནུ་འོད་ཅེས་གསོལ། བཅུ་དྲུག་པར་སྟོད་ལུང་པ་རིན་ཆེན་སྙིང་པོ་ལས་ཆོས་སྐོར་མང་དུ་གསན། སྟོད་ལུང་པས་རང་གི་བླ་མ་སྤྱན་སྔ་བ་ཚུལ་ཁྲིམས་འབར་ལ་ཕུལ། དགེ་བཤེས་སྤྱན་སྔ་བ་ལས་བཀའ་གདམས་པའི་ངག་ཡོངས་རྫོགས་གསན། སྤྱན་སྔར་བའི་ཞབས་ཏོག་ལོ་དགུ་ཙམ་གནང། དྭགས་པོའི་ལྷོ་རྒྱུད་དུ་བྱ་ཡུལ་དགོན་པ་བཏབ། ཚོགས་པར་བཀའ་གདམས་པའི་གདམས་ངག་རྣམས་སྤེལ་སློབ་མ་གྲགས་ཆེ་བ་ནི་ཕྱིའི་ཆེན་པོ་དགུ བར་གྱི་ཆེན་པ་བརྒྱད། ནང་གི་ཐུགས་སྲས་གསུམ་ལས་གཙང་པ་རིན་པོ་ཆེ་རྡོ་རྗེ་མི་བསྐྱོད། རི་མོ་ཅན་པ་རྒྱ། ཕྱག་རྗེ་བ་སྣུབས་མཆོད་གནས་བཅས་ཡིན། |