47060
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་གསུམ་པའི་ལྕགས་འབྲུག་ཕྱི་ལོ་ ༡༡༦༠ ལོར་ཡུལ་གཞུང་གི་སྣེའུ་གདོང་པར་ཡབ་འབེ་སྤྱན་རས་གཟིགས་དང་། ཡུམ་བྱི་བཟའ་རྒྱས་ཆུང་གཉིས་ཀྱིས་སྲས་སུ་འཁྲུངས། བྱིས་དུས་ནས་ལྐོག་གྱུར་ཤེས་པ་ཞིག་བྱུང་། བཅུ་བཞི་པར་མཁན་པོ་སྦལ་ཏི་དང་། གྱ་བ་དགེ་བཤེས་མགར་གྱིས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་། མཚན་ལ་རྡོ་རྗེ་གཞོན་ནུ་ཞེས་གསོལ། བཅོ་བརྒྱད་པར་གླང་ལུང་བ་བརྩོན་འགྲུས་གཞོན་ནུ་ལོ་ངོ་བཅུ་བཞིའི་བར་བསྟེན། གདམས་པ་མ་ལུས་པར་གསན། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་འཁྲུངས། དད་མོ་ལྷ་ཁང་དུ་ཟོ་གསོད་ལོ་དྲུག་མཛད་སྐབས་སངས་རྒྱས་ཀྱི་ཞིང་ཁམས་མང་པོ་ཞལ་གཟིགས། སོ་བརྒྱད་པར་བར་མོ་ཆེ་མཁན་པོ་སྦལ་ཏི་དང་། སློབ་དཔོན་མྱང་། གསང་སྟོན་དགེ་བཤེས་སྦས་ཀྱིས་མཛད་ནས་བསྙེན་པར་རྫོགས། ཞེ་གཅིག་པར་ཚོགས་བཤད་མཛད། ཞེ་གཉིས་པར་རབ་བྱུང་གསུམ་པའི་ལྕགས་བྱ་ཕྱི་ལོ་ ༡༢༠༡ ལོར་བྱ་ཡུལ་དགོན་གྱི་གདན་སར་བྱོན། དགེ་འདུན་གྱི་ཚོགས་པ་ཡུན་རིང་བསྐྱངས། བདུན་ཅུ་པ་རབ་བྱུང་བཞི་པའི་ས་གླང་ཕྱི་ལོ་ ༡༢༢༩ ལོར་སྐུ་གཤེགས། བྱ་ཡུལ་དགོན་གྱི་གདན་རབས་བཞི་པ་ཡིན། |