47078
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དབང་ཆེན་གསང་བ་འདུས་པ་ལས། བྱ་རོག་འུག་པའི་ཉོ་བྱེད་ཕུང་སེལ་མ། ཞེས་བྱ་བ་སྟེ། གཏེར་ཆེན་རཏྣ་གླིང་པས་རབ་བྱུང་བདུན་པའི་ཁྱི་ལོར་གནམ་སྐས་བྲག་ནས་གདན་དྲངས། འདིིའི་ནང་དོན་ལ། སངས་རྒྱས་ཀྱི་བསྟན་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་རྣམས་ཕུང་བར་བྱེད་པའི་ཐབས་ལ་བྱ་རོག་འུག་པའི་ཉོ་བྱེད་ཕུང་སེལ་གྱི་འཁོར་ལོ་ཇི་ལྟར་བྲི་བ་ལ་རྫས་སོགས་ཇི་ལྟར་སྦྱར་བའི་ཚུལ་བཅས་བསྟན། |