From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁྲིམས་གནས་ (1)
| Part of speech
|
མིང་ཚིག
|
| Definition
|
ཁྲིམས་ལ་བརྩི་སྲུང་བྱས་ཤིང་དེ་དང་མི་འགལ་བར་གནས་པའི་དོན་ཏེ།
|
| Example
|
མི་ཁྲིམས་གནས་ནག་ལ་ཐོགས་ནི་མེད། །ཟོག་འགྲོ་ཤེས་སྤྱང་ཀིས་ཟོས་ནི་མེད། །ལྟ་བུ།
|
ཁྲིམས་གནས་ (2)
| Part of speech
|
མིང་ཚིག
|
| Definition
|
ཁྲིམས་གཅོད་བྱེད་སའི་གནས་སམ་ཡུལ་གྱི་མིང་སྟེ།
|
| Example
|
ཁྲིམས་གནས་ལ་འབྱོར་སྐབས་སེམས་ལ་ཅི་དྲན་འདི་དྲན་མེད་པ་ཞིག་བྱུང་ལྟ་བུ།
|
ཁྲིམས་གནས་ (3)
| Part of speech
|
མིང་ཚིག
|
| Definition
|
འཕགས་རིགས་ཏེ། རྒྱུད་ལ་ཚུལ་ཁྲིམས་གནས་ཤིང་ལེགས་པར་སྲུང་བས་སོ། །
|
| Type
|
མངོན་བརྗོད།
|