47105
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། བྱ་རྒྱུད། དཀོན་མཆོག་སྔགས་ལ་དད་དང་ཐེག་ཆེན་མོས། །ཞིང་མཆོག་ལ་གུས་མི་སྡང་དུས་མཚམས་མཆོད། །གཞུང་གཞན་མི་བཀུར་མགྲོན་མཆོད་བྱམས་སེམས་བསྟན། །བསོད་ནམས་བཟློས་པ་དམ་ཚིག་གཞན་སྲུང་བརྩོན། །དམ་མེད་སྔགས་རྒྱ་མི་སྦྱིན་རྒྱུད་ཀྱང་རྟོགས་སོ། །ཞེས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དཀོན་མཆོག་ལ་དད་པ། གསང་སྔགས་རིག་སྔགས་གཟུངས་སྔགས་ཀྱི་ཚོགས་ལ་བཟང་ངན་མི་འཛིན་པར་ཕྱོགས་གཅིག་ཏུ་དད་པ། ཐེག་པ་ཆེན་པོ་ལ་ཁྱད་པར་མོས་ཤིང་དེའི་བསླབ་བྱ་སྒྲུབ་པ། བླ་མ་དང་བྱ་རྒྱུད་ལ་ཞུགས་པ། དེའི་དམ་ཚིག་བསྟན་པ་ལ་ཞུགས་པའི་མཛའ་བོ་བཞི་སྟེ་ཞིང་མཆོག་ལ་གུས་པ། རང་འདོད་ཀྱི་ལྷ་ལ་མ་གྲུབ་པའི་དྲག་ཤུལ་སྦོགས་ཆོག་དང་ཐུན་མོང་སྒྲུབ་པའི་ལྷ་ལའང་ལས་མ་གྲུབ་པས་མི་སྡང་བ། ཉ་སྟོང་བརྒྱད་གསུམ་སོགས་དུས་མཚམས་བཟང་པོར་མཆོད་པ་མི་གཅག་པ། མུ་སྟེགས་སྟོན་པ་སོགས་གཞན་གྱི་གཞུང་མི་བཀུར་བ། གློ་བུར་དུ་ལྷགས་པའི་མགྲོན་ལ་ཟས་སྐོམ་སོགས་མཆོད་པ། སྲོག་ཆགས་ཀུན་ལ་བྱམས་པའི་སེམས་བརྟན་པ། བསོད་ནམས་ཀྱི་ཚོགས་གོང་དུ་སྤེལ་བ། དཔུང་བཟང་ལས་བཤད་པའི་བླང་དོར་དང་ལྡན་པས་བཟླས་བརྗོད་ལ་བརྩོན་པ། རང་རིགས་སུ་མ་ཟད་རིགས་སྤྱིར་བསྟན་པའི་དམ་ཚིག་གཞན་རྣམས་ཀྱང་བསྲུང་བ་ལ་བརྩོན་པ། དམ་ཚིག་མེད་པ་དང་ཉམས་པ་ལ་སྔགས་དང་ཕྱག་རྒྱ་མི་སྦྱིན་པ། སྔགས་རྒྱུད་རྣམས་ཀྱང་སྦ་ཞིང་སྲུང་ལ་རང་ཉིད་ཀྱིས་ཐོས་བསམ་སྒོམ་པས་རྟོགས་པར་བྱ་བ་རྣམས་སོ། ། |
| Domain | ཆོས་ལུགས། |