47112
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དེ་དག་གི་མཚན་གཞི་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བ་དམ་ཚིག་གསུམ་བཀོད་སོགས་སངས་རྒྱས་རྣམས། པདྨའི་རིགས་ནི་གཙོ་སྤྱན་རས་གཟིགས། རྡོ་རྗེའི་རིགས་ནི་གཙོ་ཕྱག་རྡོར་ཏེ་དེ་དག་རེ་རེ་ལ་རིགས་ཀྱི་གཙོ་བོ། བདག་པོ། ཡུམ། གཙུག་ཏོར། ཁྲོ་བོ། ཁྲོ་མོ། ཕོ་ཉ། ཕོ་ཉ་མོ། བཀའ་ཉན་དང་བཀའ་ཉན་མ་རྣམས་སུ་དབྱེར་ཡོད་པ། ནོར་བུའི་རིགས་ནི། ནོར་ཅན་གྱི་རིགས་ནི་གནོད་སྦྱིན་ནོར་བུ་བཟང་པོ། ལྔས་རྩེན་གྱི་རིགས་ནི། གནོད་སྦྱིན་ལྔས་རྩེན། འཇིག་རྟེན་ཕལ་པའི་རིགས་ནི། ཚངས་དབང་ཁྱབ་འཇུག་མཁའ་ལྡིང་ཉི་ཟླ་སོགས་མཐའ་ཡས་པ་རྣམས་སོ། ། |
| Domain | ཆོས་ལུགས། |