47127
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། བྱ་རྒྱུད། དམ་ཉམས་ཀྱི་ཕྱག་རྒྱ་བསྟན་པ། ཚོགས་འཁོར་གྱི་གྲལ་དུ་མི་མཐུན་པར་རྩོད་པ། གསང་སྔགས་ཀྱི་ཆོས་སྣོད་མིན་ལ་སྟོན་པ། དད་ལྡན་ལ་ཆོས་ལྟར་བཅོས་པ་སྟོན་པ། ཉན་ཐོས་ལ་སོགས་ཐེག་པ་འོག་མའི་ནང་དུ་ཞག་བདུན་ལོངས་པར་བསྡད་པ་དང་། མ་སྨིན་པ་ལ་གསང་བ་ཟབ་མོ་སྟོན་པ། ཕྱག་རྒྱའི་དོན་ལ་མི་མཁས་པ་ལ་ལུས་ཀྱི་ཕྱག་རྒྱ་སྟངས་སྟབས་སྟོན་པ། བསྙེན་པར་མ་བྱས་པར་དཀྱིལ་འཁོར་གྱི་ལས་རབ་འབྱམས་དབང་དང་རབ་གནས་སྦྱིན་སྲེག་ལ་སོགས་བྱེད་པ་དང་བཅས་པ་དང་། རང་བཞིན་སྡོམ་པ་གཉིས་ཀྱི་ལས་གཞན་དོན་ལ་དགོས་པ་མེད་པ་འདའ་བ་དང་བརྒྱད་པའོ། ། |
| Domain | ཆོས་ལུགས། |