47205
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཁྲུངས་ཡུལ་དང་འཁྲུངས་ལོ་མི་གསལ། དྲང་སྲོང་བསྟན་འཛིན་རྒྱལ་པོ་སོགས་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་དང་། གསོ་རིག་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་མཛད། ལག་ལེན་གྱི་ཁྲོད་ནས་ཉམས་མྱོང་བསགས། སྨན་བཅོས་ཀྱི་གྲགས་པ་རྒྱས། རྒྱལ་བ་སྐུ་ཕྲེང་ལྔ་བའི་བླ་སྨན་མཛད། གསོ་རིག་དར་རྒྱས་མཛད། ལྷ་དབང་ལྕོག་གམ་ཤར་ཆེན་ལྕོག་ཏུ་བོད་ཀྱི་གསོ་རིག་སློབ་གྲྭའི་སློབ་དཔོན་མཛད། རབ་བྱུང་བཅུ་གཅིག་པའི་ཆུ་སྟག་ཕྱི་ལོ་ ༡༦༦༢ ལོར་གྲྭ་ཐང་རྒྱུད་བཞིའི་དཔར་ཤིང་གསར་བསྐྲུན་མཛད། སྐུ་ཚེ་གང་བོར་ནད་ཀྱི་སྡུག་བསྔལ་ཞི་བ་མཛད། རབ་བྱུང་བཅུ་གཅིག་པར་མེ་སྦྲུལ་ཕྱི་ལོ་ ༡༦༧༧ ལོར་སྐུ་གཤེགས། གསུང་རྩོམ་ནི་བཤད་པ་ས་བཅད་དང་། རྡེའུ་འགྲེམས་ཕྱག་ལེན། སྨན་གྱི་ངོ་སྤྲོད་བཅས་བཞུགས། |
| Synonyms | དཔོན་ཚང་ནང་སོ་དར་རྒྱས། |