47209

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་ཀུན་ཏུ་སྲུང་བར་ཞུགས་པའི་ཆོས་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས་བྱུང་བ་སྟེ། འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ནི། བདག་ཉིད་ཀྱང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡིན། དགེ་བའི་ཆོས་ཅན་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་ལེགས་པར་གནས་པ་དང་མང་དུ་ཐོས་པ་ཡིན། དོན་དམ་པ་ལ་མཁས་ཤིང་འཇིག་རྟེན་རྒྱང་འཕེན་པ་དང་མ་འདྲེས་པ་ཡིན། སངས་རྒྱས་ཀྱི་བྱང་ཆུབ་དག་པ་ཡོངས་སུ་འཐོབ་ཅིང་དབེན་པ་གཞོལ་བས་དགོན་པ་དང་། རབ་ཏུ་དགོན་པ་ལ་མངོན་པར་དགའ་བའོ། །
Domain ཆོས་ལུགས།