47217
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་བྱུང་བ་སྟེ། ཆོས་ཐམས་ཅད་རྫོགས་པ་ཆེན་པོར་འདུས་པའི་རང་བཞིན་བཤད་པ། བྱང་ཆུབ་ཀྱི་སེམས་ལ་དཔེ་དོན་རྟགས་གསུམ་གྱིས་ཤེས་པར་བྱ་བ། དཔེས་ཉེ་བར་མཚོན་པའི་དོན། རིག་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནམ་མཁའ་ལྟར་རྣམ་དག་རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་གཏན་ཚིགས་ངེས་པ། དོན་ཆོས་ཉིད་མཐའ་དབུས་མེད་པའི་ངང་དུ་བསྡུ་བ། རིག་པ་ཉི་མའི་སྙིང་པོ་ལྟར་བསྟན་པ། རྒྱས་པར་བཤད་པ། དེའི་ངང་ལས་སྣང་སྲིད་ཤར་བར་བསྟན་པ། ཤར་བ་ཉིད་ནས་རང་བཞིན་མེད་དོ་ཞེས་བསྟན་པ། དེ་དག་ཆོས་ཉིད་ལས་མ་གཡོས་པར་བསྟན་པ། |
| Domain | ཆོས་ལུགས། |