47240

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་ཀྱི་སེམས་ཉི་ཤུ་རྩ་གཉིས་ (1)
Part of speech མིང་ཚིག
Definition དབུ་མ་ལ་འཇུག་པའི་འགྲེལ་བཤད་ཅེས་བྱ་བ་ལས་བྱུང་བ་སྟེ། ༡ འདུན་པ་དང་ལྷན་ཅིག་ཏུ་གྱུར་པ། ༢ བསམ་པ་དང་ལྷན་ཅིག་ཏུ་གྱུར་པ། ༣ སྦྱོར་བ་དང་ལྷན་ཅིག་ཏུ་གྱུར་པ། ༤ ལྷག་པའི་བསམ་པ་དང་ལྷན་ཅིག་ཏུ་གྱུར་པ། ༥ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ། ༦ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ། ༧ བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ། ༨ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ། ༩ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ། ༡༠ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷན་ཅིག་ཏུ་གྱུར་པ། ༡༡ ཚད་མེད་པ་བཞི་དང་ལྷན་ཅིག་ཏུ་གྱུར་པ། ༡༢ མངོན་པར་ཤེས་པ་ལྔ་དང་ལྷན་ཅིག་ཏུ་གྱུར་པ། ༡༣ བསྡུ་བའི་དངོས་པོ་བཞི་དང་ལྷན་ཅིག་ཏུ་གྱུར་པ། ༡༤ སོ་སོ་ཡང་དག་པར་རིག་པ་བཞི་དང་ལྷན་ཅིག་ཏུ་གྱུར་པ། ༡༥ རྟོན་པ་བཞི་དང་ལྷན་ཅིག་ཏུ་གྱུར་པ། ༡༦ བསོད་ནམས་དང་ལྷན་ཅིག་ཏུ་གྱུར་པ། ༡༧ བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྷན་ཅིག་ཏུ་གྱུར་པ། ༡༨ ཞི་གནས་དང་ལྷག་མཐོང་དང་ལྷན་ཅིག་ཏུ་གྱུར་པ། ༡༩ གཟུངས་དང་སྤོབས་པ་དང་ལྷན་ཅིག་ཏུ་གྱུར་པ། ༢༠ ཆོས་གླེང་བ་བཞི་དང་ལྷན་ཅིག་ཏུ་གྱུར་པ། ༢༡ བགྲོད་པ་གཅིག་པའི་ལམ་དང་ལྷན་ཅིག་ཏུ་གྱུར་པ། ༢༢ ཐབས་ལ་མཁས་པ་དང་ལྷན་ཅིག་ཏུ་གྱུར་པ་བཅས་སོ། །དེ་ལ་དང་པོ་གསུམ་ནི་སྨོན་པའི་སེམས་བསྐྱེད་དོ། །ལྷག་མ་བཅུ་དགུ་ནི་འཇུག་པའི་སེམས་བསྐྱེད་དོ། །
Domain ཆོས་ལུགས།