47243

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་བའི་ཆོས་བཞི་ (1)
Part of speech མིང་ཚིག
Definition དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ལས་བྱུང་བ་སྟེ། ལྷག་པའི་ང་རྒྱལ། ཆོས་ལ་མ་གུས་པ། དགེ་བའི་བཤེས་གཉེན་ལ་ཁྱད་དུ་གསོད་པ། ལོག་པའི་ཚིག་སྨྲ་བའོ། །
Domain ཆོས་ལུགས།
བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་བའི་ཆོས་བཞི་ (2)
Part of speech མིང་ཚིག
Definition ཉན་ཐོས་དང་རང་སངས་རྒྱས་ལ་འདྲིས་པར་བྱེད་པ། ཐེག་པ་དམན་པ་ལ་མོས་པ། བྱང་ཆུབ་སེམས་དཔའ་ལ་སྡང་ཞིང་སྐུར་པ་འདེབས་པ། ཆོས་ལ་དཔེ་མཁྱུད་བྱེད་པའོ།
བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་བའི་ཆོས་བཞི་ (3)
Part of speech མིང་ཚིག
Definition སྒྱུ་བྱེད་པ། གཡོ་བྱེད་པ། བླ་མ་ལ་ལྕེ་གཉིས་བྱེད་པ། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པའོ།
བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་བའི་ཆོས་བཞི་ (4)
Part of speech མིང་ཚིག
Definition བདུད་ཀྱི་ལས་མ་རྟོགས་པ། ལས་ཀྱི་སྒྲིབ་པས་བསྒྲིབས་པ། ལྷག་པའི་བསམ་པ་སྟོབས་ཆུང་བ། ཐབས་དང་ཤེས་རབ་མེད་པའོ། །
བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་བའི་ཆོས་བཞི་ (5)
Part of speech མིང་ཚིག
Definition མདོ་ཀུན་ལས་བཏུས་པའི་བཤད་པ་རིན་པོ་ཆེའི་སྣང་བའི་རྒྱན་ལས་བྱུང་བ་སྟེ། ཤེས་བཞིན་བཞད་གད་ཀྱི་ཕྱིར་ཡང་བརྫུན་མི་ཤོད་པ། གཞན་དག་རྫོགས་པའི་བྱང་ཆུབ་ལ་འགོད་པ། བྱང་ཆུབ་སེམས་དཔའ་ལ་སྟོན་པ་ལྟར་སེམས་པ། གཞན་ལ་བསམ་པ་རྣམ་པར་དག་པའོ།
བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་བའི་ཆོས་བཞི་ (6)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་འོད་སྲུང་གི་ལེའུ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། སློབ་དཔོན་དང་། བླ་མ་དང་། སྦྱིན་གནས་ལ་སླུ་བ། གཞན་འགྱོད་པ་མེད་པ་དག་ལ་འགྱོད་པ་ཉེ་བར་བསྒྲུབ་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་བསྔགས་པ་མ་ཡིན་པ་དང་། མི་སྙན་པ་དང་། བརྗོད་པ་མ་ཡིན་པའི་སྒྲ་ཚིགས་སུ་བཅད་པ་འབྱིན་པ། སྒྱུ་དང་གཡོས་གཞན་ལ་ཉེ་བར་སྤྱོད་ཀྱི། ལྷག་པའི་བསམ་པས་མ་ཡིན་པའོ། །