47244
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ལས་བྱུང་བ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ ཉན་ཐོས་ཀྱི་སེམས་དང་མ་བྲལ་བ། ༢ རང་སངས་རྒྱས་ཀྱི་སེམས་དང་མ་བྲལ་བ། ༣ ང་རྒྱལ་དང་ལྷག་པའི་ང་རྒྱལ། ༤ གཡོ་སྒྱུ། ༥ རྒྱང་འཕེན་པའི་གསང་ཚིག ༦ ལོག་པར་ཞུགས་པ། ༧ སྐྱེ་བས་སྐྲག་པ། ༨ ཁེངས་པ། ༩ རྩོད་པ། ༡༠ འདོད་ཆགས། ༡༡ ཞེ་སྡང་། ༡༢ གཏི་མུག ༡༣ ལས་ཀྱི་སྒྲིབ་པ། ༡༤ ཆོས་ཀྱི་སྒྲིབ་པ། ༡༥ བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ། ༡༦ ཆོས་ལ་དཔེ་མཁྱུད་བྱེད་པ། ༡༧ བརྗེད་ངས་པ། ༡༨ སྡིག་པའི་གྲོགས་པོ། ༡༩ བླ་མ་ལ་འཁུ་བ། ༢༠ ཕ་རོལ་ཏུ་ཕྱིན་པ་དྲུག་དང་མི་མཐུན་པ། ༢༡ ཆད་པ་དང་། རྟག་པ་དང་། ཐབས་མི་མཁས་པས་བསྡུ་བ་བཞི། ༢༢ སྡིག་པ་ཐམས་ཅད་དང་མ་བྲལ་བ་བཅས་སོ། ། |
| Domain | ཆོས་ལུགས། |