47267

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་ (1)
Part of speech མིང་ཚིག
Definition དགེ་སློང་མཁས་པ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པའི་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། མཁས་པ་ཆེན་པོ་སུ་མ་ཏི་ཀཱིརྟི་དང་། ལོ་ཙཱ་བ་དར་མ་གྲགས་ཀྱིས་བསྒྱུར། མཛད་འགྱུར་གྱི་མཐར་“དབུ་རུ་བྱང་ངོས་སྐྱུང་པེ་ཅིང་པར་མ་དང་། སྣར་ཐང་ཕྱོགས་ལྕུང་ཀ་མཁར་གྲགས་སུ། །མཁས་པ་ཆེན་པོ་བློ་གྲོས་བཟང་གྲགས་པ། །ལྡོང་སྟོང་མཆོག་གནས་རྒྱ་སྒོམ་ཆེན་གྲོགས་ཀྱིས། །གསོལ་བཏབ་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར། །ཞེས་དང་། པེ་ཅིང་པར་མ་དང་། སྣར་ཐང་པར་མ་ལ་དེའི་མཇུག་ཏུ། སླར་ཡང་ཡོན་ཏན་རྒྱ་མཚོས་ཞུས། ལན་ཅིག་མཛད། ཅེས་འཁོད། བུ་སྟོན་ཆོས་འབྱུང་དུ་སྤྱོད་འཇུག་ལེའུ་དགུ་པ་བློ་གྲོས་མི་ཟད་པས་མཛད་ཟེར་བ་དེ་དང་འདི་མི་གཅིག་ཅེས་སྨྲ་བ་མང་ཡང་སྡིག་བཤགས་ཀྱི་ལེའུ་ལོགས་སུ་བྱས་མ་བྱས་ཀྱི་ཁྱད་པར་དང་འགྱུར་སྔ་ཕྱིའི་ཁྱད་མ་གཏོགས་པ་གཅིག་པར་ཁོ་བོ་སྨྲའོ། །ཞེས་གསུངས། བསྟན་འགྱུར་དབུ་མ་ལ་པར་བཞུགས།