47286

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་ཆེན་པོའི་མཆོད་རྟེན་ (1)
Part of speech མིང་ཚིག
Definition བྱང་ཆུབ་ཆེན་པོའི་མཆོད་རྟེན་ནི། སྟོན་པ་ཤཱཀྱ་ཐུབ་པ་རྡོ་རྗེ་གདན་དུ་མངོན་པར་རྫོགས་པ་སངས་རྒྱས་པའི་སྐབས་རང་བྱུང་དུ་བྱོན་པར་གྲགས་པའི་མཆོད་རྟེན་ཞིག་སྟེ། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། སངས་རྒྱས་པ་དང་ཞེས་པས། ས་ཕོ་ཁྱིའི་ལོ་ས་ག་ཟླ་བའི་ནམ་གྱི་ཆ་སྨད་སྐྱ་རེངས་ཤར་བ་རྔ་རྡུང་བའི་ཚོད་ཙམ་ན་བྱང་ཆུབ་སེམས་དཔས་རྟེན་འབྲེལ་བཅུ་གཉིས་དང་། བདེན་པ་བཞིའི་དོན་ཁོང་དུ་ཆུད་ཅིང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མངོན་དུ་བྱས་ནས་སྐད་ཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེའི་དུས་སུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་རང་བྱུང་དུ་བྱོན་ཏོ། །ཞེས་གསུངས།
Domain ཆོས་ལུགས།