47289

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་ཆོས་གླིང་ (1)
Part of speech མིང་ཚིག
Definition རིག་འཛིན་བླ་མ་ཡབ་ཡུམ་གྱིས་བཏབ་པའི་བྱང་ཆུབ་ཆོས་གླིང་ནི། དུས་དང་། སྟོན་པ། འཁོར་ཕུན་སུམ་ཚོགས་པའི་རྟེན་འབྲེལ་འཛོམས་པའི་དུས་ས་འབྲུག་ལོར་མ་རྒྱུད་མཁའ་འགྲོའི་སྒྲུབ་གནས་དེར་བཙུན་མའི་སྒྲུབ་སྡེ་གསར་འཛུགས་གནང་ལ་མཚན་བདེ་གྲོལ་བྱང་ཆུབ་ཆོས་གླིང་ཞེས་གསོལ། ཐོག་མར་བཙུན་མ་བཞི་བཅུ་ལ་ཟབ་རྒྱས་མཁའ་འགྲོ་ཡོངས་འདུས་ཀྱི་སྨིན་གྲོལ་རྫོགས་པར་གནང་ནས་ཟབ་ཆོས་སྒོམ་སྒྲུབ་ཉམས་ལེན་མཛད་པའི་རྒྱུན་བཙུགས། བླ་མ་ཡབ་ཡུམ་གཉིས་ཀ་དང་། གཙོ་བོར་མཁའ་འགྲོ་མ་དྲི་མེད་དབང་མོ་སོགས་བྱོན་ནས་དགོན་པའི་བཅའ་ཡིག་གནང་། ཇོ་མོ་ཕྲིན་ལས་དབང་མོ་ནས་བདེ་གྲོལ་བྱང་ཆུབ་ཆོས་གླིང་གི་ལྷ་ཁང་ཉམས་གསོ་མཛད། དུས་མཆོད་ཧོར་ཟླ་དང་པོའི་ཚེས་ཉེར་ལྔ་ལ་མ་རྒྱུད་མཁའ་འགྲོ་ཡོངས་འདུས་ཀྱི་སྒྲུབ་པ་ཞག་བཅུ། ས་ག་ཟླ་བར་ཞིང་སྒྲུབ་ཞག་བདུན། དགུ་པའི་ནང་གསོལ་སྒྲུབ་དང་། གདུགས་དཀར་ཁྲི་རབས་སོགས་འདོན་ཅིང་། གཞན་ཡང་ཚེས་བཅུ་ཉེར་ལྔ། ཚེས་བརྒྱད་བཅོ་ལྔ་གནམ་སྟོང་རྣམས་ལ་ཚོགས་མཆོད་དང་། བཟང་སྤྱོད་སོགས་རྒྱུན་ཚོགས་བཅས་གནང་བཞིན་ཡོད།