47300

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་དང་ནམ་ཡང་འབྲལ་བར་མི་འགྱུར་བའི་ཆོས་བརྒྱད་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་བུ་མོ་རྣམ་དག་དད་པས་ཞུས་པའི་ལེའུ་ལས་བྱུང་བ་སྟེ། ཡང་དག་པའི་ལྟ་བས་ལོག་པར་ལྟ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ། ཡང་དག་པའི་དྲན་པས་ལོག་པར་སེམས་པའི་སེམས་ཅན་ལ་སྙིང་བརྩེ་བར་བྱེད་པ། ཡང་དག་པའི་ངག་གིས་ལོག་པར་སྨྲ་བ་རྣམས་ལ་སྙིང་རྗེ་བར་བྱེད་པ། ཡང་དག་པའི་ལས་ཀྱི་མཐའ་ལོག་པའི་ལས་ཅན་རྣམས་ཡོངས་སུ་སྡུད་པ། ཡང་དག་པའི་རྩོལ་བས་ལོག་པར་རྩོལ་བ་རྣམས་ཡོངས་སུ་བཟློག་པ། ཡང་དག་པའི་འཚོ་བས་ལོག་པར་འཚོ་བའི་སེམས་ཅན་རྣམས་སྤོང་བར་མི་བྱེད་པ། ཡང་དག་པའི་རྟོག་པས་ལོག་པར་ཡིད་ལ་བྱེད་པ་སྤོང་བར་བྱེད་པ། ཡང་དག་པའི་ཏིང་ངེ་འཛིན་གྱིས་ལོག་པའི་ཏིང་ངེ་འཛིན་ལ་གནས་པ་དག་བསླང་ནས་གོང་དུ་རྩོལ་དུ་གཞུག་པ་གང་ཡིན་པའོ། །
Domain ཆོས་ལུགས།