47311

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་མགོན་པོ་ (1)
Part of speech མིང་ཚིག
Definition གདུང་འབེ་ཡིན་ཞིང་སྐུ་ཆུང་ངུ་དུས་ནས་རས་དཀར་བ་ལས་རབ་ཏུ་བྱུང༌། མཚན་བྱང་ཆུབ་མགོན་པོར་གསོལ། མང་སྒོམ་རས་པའི་ཉེ་གནས་མཛད་ཅིང་རས་གུར་གཉིས་ལས་ཆོས་མང་དུ་གསན། ཕྱིས་གསང་བ་ལུས་མེད་རྡོ་རྗེ་ལས་གདམས་པ་ཕྱི་ནང་གསང་གསུམ་ཐམས་ཅད་རྫོགས་པར་ཞུས་ཤིང་ཁྱད་པར་ཚོགས་བདག་གི་སྒྲུབ་སྐོར་མ་ལུས་གསན་ནས་ཤར་གླིང་ཆེ་མོར་བཞུགས། ཕྱིས་བྱང་ཆུབ་གཞོན་ནུ་ཚང་མང་གསར་པར་བཞུགས་པའི་སྐབས་བྱང་ཆུབ་མགོན་པོ་ནང་སོ་ཆེན་མོ་མཆོད་ཁང་གི་ཚུལ་དུ་ཡོད་པ་ལ་དཀོར་གཉེར་མཛད་པར་གདའ། གདན་ས་སྐུ་འབུམ་དུ་གཤེགས། རབ་བྱུང་བཞི་པའི་ནང་ཙམ་ལ་བྱོན།