47315
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཅིག་པའི་མེ་ཁྱི་ཕྱི་ལོ་ ༡༦༤༦ ལོར་མདོ་སྨད་རེབ་སྐོང་དུ་ཡབ་གནམ་ལྷ་རྒྱལ་དང་། ཡུམ་དཔལ་ཤུལ་བཟའ་ལྷ་མོ་ཐར་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་ཤར་སྐལ་ལྡན་རྒྱ་མཚོ་ལས་རབ་བྱུང་དང་། དགེ་ཚུལ་བསྒྲུབས། བཅུ་བཞི་པར་རོང་བོ་དགོན་ཆེན་དུ་སློབ་གཉེར་མཛད། ཉི་ཤུ་པར་དབུས་ཀྱི་འབྲས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། བསྡུས་གྲྭ་ནས་གཞུང་བཀའ་པོད་ལྔ་ལ་སྦྱངས། གྲྭ་ཚང་ཉིད་དང་དགའ་ལྡན་སོགས་སུ་དམ་བཅའ་བཞག དཀའ་བཅུའི་མཚན་བཏགས་བཞེས། རྒྱུད་སྨད་དུ་སྔགས་ལ་སྦྱངས། རྒྱལ་བ་ངག་དབང་བློ་བཟང་རྒྱ་མཚོ་ལས་བསྙེན་པར་རྫོགས། ཉེར་བདུན་པར་རང་ཡུལ་དུ་བྱོན། སྔོན་རྗེས་སུ་ཤར་སྐལ་ལྡན་རྒྱ་མཚོ་དང་། རྗེ་དྲུང་དཀོན་མཆོག་ཉི་མ། ཁྲི་ཆེན་ངག་དབང་བློ་གྲོས་རྒྱ་མཚོ། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན། སྔགས་འཆང་འཇམ་དབྱངས་བློ་གྲོས་སོགས་ལས་མདོ་སྔགས་ཀྱི་བཀའ་ཆོས་མང་དུ་གསན། དགོན་ལུང་དང་སྐུ་འབུམ་སོགས་སུ་བཀའ་འགྱུར་གྱི་ལུང་ཚར་གསུམ་གནང་། ང་གསུམ་པར་ཅོ་ནེ་དགོན་པའི་ཁྲི་བ་མཛད། ང་དགུ་པར་དབུས་སུ་བྱོན། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང་། པཎ་ཆེན་བློ་བཟང་ཡེ་ཤེས་གཉིས་ཀྱི་ཞལ་མཇལ། རེ་ལྔ་པར་ནགས་མདོའི་ཁྲིར་བྱོན། ནགས་མདོར་མཚན་ཉིད་བཙུགས། བདུན་ཅུ་པར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་མཇལ་ནས་མ་ཎི་དང་དམིགས་བརྩེ་མའི་ལུང་ཞུས། དོན་གཅིག་པ་རབ་བྱུང་བཅུ་གཉིས་པའི་མེ་སྤྲེལ་ཕྱི་ལོ་ ༡༧༡༦ ལོར་སྐུ་གཤེགས། གསུང་རྩོམ་པོད་གཉིས་ཙམ་བཞུགས། |