47317

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་འབྱུང་གནས་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་དཀྱིལ་དུ་འཁྲུངས། བོད་ཡུལ་ནས་སློབ་གཉེར་མཛད། ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་བྱོན། པཎ་གྲུབ་མང་པོ་བསྟེན། རྒྱ་གཞུང་དང་ལེགས་སྦྱར་བྱང་བའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་དཔལ་རྙོག་བ་མེད་པའི་རྒྱུད་ཀྱི་འགྲེལ་བ་དང་། དཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མའི་རྒྱུད་ཀྱི་དཀའ་འགྲེལ་རིན་ཆེན་ཕྲེང་བ། དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ཉིད་བཅས་བཞུགས།