47323
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་པའི་མདོ་ལས་བྱུང་བ་སྟེ། ༡ བྱམས་པ་ཆེན་པོ། ༢ སྙིང་རྗེ་ཆེན་པོ། ༣ འཁོར་བ་ན་ཡོངས་སུ་མི་སྐྱོ་བ། ༤ དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ། ༥ སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ། ༦ ཕ་རོལ་ཏུ་ཕྱིན་པ་རྣམས་ཉན་པ། ༧ བྱང་ཆུབ་སེམས་དཔའི་འཁོར་དང་སྐལ་བ་མཉམ་པ། ༨ གཟུངས་རབ་ཏུ་ཐོབ་པ། ༩ སྤོབས་པ་ཕུན་སུམ་ཚོགས་པ། ༡༠ མངོན་པར་ཤེས་པ་ཤེས་པ། ༡༡ ཆོས་མ་ཐོས་པ་ཉན་པ། ༡༢ ཚེ་རབས་ཚེ་རབས་སུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་བ། ༡༢ རྟག་ཏུ་རྒྱུན་མི་ཆད་པར་རབ་ཏུ་འབྱུང་བ་རྙེད་པ། ༡༣ དལ་བ་ཕུན་སུམ་ཚོགས་པ། ༡༤ ཇི་ལྟར་ཐོས་པའི་ཆོས་རྣམས་སྒྲུབ་པ། ༡༥ ཐབས་དང་ཤེས་རབ་ཀྱི་ཤེས་པས་སེམས་ཅན་སྡུད་ཅིང་ཡོངས་སུ་འཛིན་པ། ༡༧ དམ་པའི་ཆོས་ཡོངས་སུ་འཛིན་པ། ༡༨ གཡོ་མེད་ཅིང་སྒྱུ་མེད་པ། ༡༩ ཕངས་པའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ། ༢༠ སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་མེད་པ་བཅས་སོ། ། |
| Domain | ཆོས་ལུགས། |