47324
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟག་ལུང་པའི་གདན་རབས་བཅུ་གཅིག་པ། རབ་བྱུང་བདུན་པའི་ཆུ་མོ་ལུག་ཕྱི་ལོ་ ༡༤༠༣ ལོ་འཕན་ཡུལ་དུ་ཡབ་གྭ་ཟི་རིན་ཆེན་རྒྱལ་མཚན་དང་ཡུམ་མི་ཉག་བཟའ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་བཅུའི་སྟེང་སྟག་ལུང་དུ་ཕེབས་ཤིང་། རྗེ་བཙུན་བཀྲིས་དཔལ་བརྩེགས་ཀྱི་དྲུང་དུ་དགེ་ཚུལ་བསྒྲུབས་པའི་མཚན་ལ་བྱུང་ཆུབ་རྒྱ་མཚོ་ཞེས་གསོལ། རྗེ་འདི་ཉིད་ཀྱི་དྲུང་ནས་མདོ་སྔགས་སྤྱི་དང་བཀའ་བརྒྱུད་པའི་ཟབ་ཆོས་རྣམས་གསན་པར་མཛད། གདན་ས་ཐིལ་ཀུན་བཟང་ནགས་ཁྲོད་དུ་སྤྱན་སྔ་བསོད་ནམས་རྒྱལ་མཚན་གྱི་དྲུང་དུ་བསྙེན་པར་རྫོགས། ཤིང་འབྲུག་ཕྱི་ལོ་ ༡༤༢༤ ལོ་སྟག་ལུང་གི་གདན་སར་འཁོད། ཚོགས་པ་ལོ་བརྒྱད་བསྐྱངས་ཏེ་ལྕགས་ཁྱི་ ༡༤༣༠ ལོར་གཅུང་བཀྲ་ཤིས་དཔལ་འོད་བཟང་པོ་ལ་གདན་ས་གཏད་དེ་ཁྲི་ལས་བཟུར། མདོ་ཁམས་སུ་ཕེབས་ནས་རྒྱལ་ཐང་སྔགས་འཕེལ་བཀྲ་ཤིས་གནམ་ལྡིང་དགོན་དང་། སྡེ་རོང་ཤིང་དཀར་བྱང་ཆུབ་གླིང་སོགས་གསར་དུ་བཏབ། མཐར་ཙོང་ཁའི་དན་ཏིག་དུ་རབ་བྱུང་བརྒྱད་པའི་ས་འབྲུག་ཕྱི་ལོ་ ༡༤༤ ལོར་སྐུ་གཤེགས། སློབ་མའི་གཙོ་བོར་འགོས་ལོ་ཙཱ་བ་གཞོན་ནུ་དཔལ། ལྕང་ལུང་བ་གཞོན་ནུ་བློ་གྲོས། བར་ལེ་བ་བཀྲ་ཤིས་རྒྱ་མཚོ། སྟག་ལུང་ལོ་ཙཱ་བ་བདེ་ཆེན་རྒྱ་མཚོ། ཀོང་པོ་དཔལ་བརྩེགས་རྒྱ་མཚོ། བླ་ཆེན་དགེ་ལེགས་བརྒྱ་མཚོ། ཀུན་མཁྱེན་ཆེན་པོ་སོགས་སོ། ། |