47347

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སེམས་ཀྱི་རང་བཞིན་བཅུ་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་སྐབས་ཉི་ཤུ་པ་རྫོགས་ཆེན་ཨ་ཏིའི་ལྟ་བ་གཏན་ལ་ཕབ་པའི་སྐོར་ལས་བྱུང་བ་སྟེ། རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ངེས་པ། རང་བཞིན་གྱིས་དག་པ་ལ་གདལ་བ་ཆོས་ཉིད་དུ་རྫོགས་པའི་ངོ་བོ་ཉིད། དེ་ལྟ་བུའི་དབྱིངས་ཀུན་ལ་ཡོད་ཀྱང་སྐལ་པ་ཅན་འགའི་ཡུལ་དུ་བསྟན་པ། སྣང་སྲིད་ཞིང་ཁམས་སུ་གནས་པས་བླང་དོར་བཟང་ངན་མེད་པར་བསྟན་པ། མྱ་ངན་ལས་འདས་པ་ཡང་སངས་རྒྱས་ཉིད་ཀྱི་རང་སྣང་དག་པ་ཙམ་ལས་གཞན་དུ་མེད་པར་བསྟན་པ། དེ་ལྟ་བུའི་རིག་པ་རང་ངོ་རྟོགས་ན་གོལ་སྒྲིབ་ཤུགས་ཀྱིས་ཆོད་པ། རིག་པའི་ངང་ལ་ཅི་སྣང་ཡང་དབྱིངས་ལས་གཡོས་པ་མེད་པར་བསྟན་པ། དེ་ལྟ་བུའི་རིག་པ་སྟོང་གསལ་འགག་མེད་ཆེན་པོར་བསྟན་པ། དེའི་རང་བཞིན་རྒྱས་པར་བཤད་པ། རིག་པ་བྱང་ཆུབ་ཀྱི་ཀློང་ཡངས་པར་བསྟན་པ།
Domain ཆོས་ལུགས།