47362
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་སྡོམ་གསུམ་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་བདག་ཉིད་བསླབ་པའི་གཞི་ལྔ་དང་ལྡན་པ་ཡིན་ལ། ཉེ་དུ་ལམ་རིང་པོ་ནས་ལྷགས་པ་དེ་དག་ལ་ཆང་ལྡུད་པ་དང༌། སེམས་ཅན་གཞན་དག་ཀྱང་ཆང་ལ་མགྲོན་དུ་འབོད་ན། ཆོས་དང་པོ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་མགར་བའི་ཁྱིམ་དུ་སྐྱེ་བར་འགྱུར་རོ། ། ༢ འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་བདག་ཉིད་ཚངས་པར་སྤྱོད་པ་ཡིན་ལ། གཞན་དག་འཁྲིག་པའི་ཆོས་ལ་སྦྱོར་ན། དེས་བྱས་ཤིང་བསགས་པའི་ཆོས་གཉིས་པ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་མགར་བའི་ཁྱིམ་དུ་སྐྱེ་བར་འགྱུར་རོ། ། ༣ འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་དེ་ཁྱིམ་ན་བྱ་བ་ཅི་ཡང་རུང་བ་ཞིག་བརྩམས་པ་ཡོད་ལ། དེ་མི་ཆོས་ཀྱིས་བྲེལ་བ་ཞིག་འདུག་པ་དེའི་གན་དུ་སོང་སྟེ་བོས་ནས་ཚུར་ཤོག ། རེ་ཞིག་ཁ་ཏོན་བྱེད་པ་ཐོངས་ལ། ལས་རིངས་པ་གྱིས་ཤིག་ཅེས་བསྒོ་ན། དེ་ལས་བྱས་ཤིང་བསགས་པའི་ཆོས་གསུམ་པ་འདི་དག་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་མགར་བའི་ཁྱིམ་དུ་སྐྱེ་བར་འགྱུར་རོ། ། |
| Domain | ཆོས་ལུགས། |