47379

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱང་ཆུབ་སེམས་དཔའ་གཞི་ཇི་བཞིན་པའི་ཆོས་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ མལ་སྟན་ལ་མ་ཆགས་པ་ཡིན། ༢ བདག་ཉིད་ཀྱང་མལ་སྟན་མི་འདིང་། ༣ གཞན་ཡང་འདིང་དུ་མི་འདུག། ༤ གདིང་བའི་ཕྱིར་བརྡ་མི་བྱེད། ༥ གཞན་དུ་ན་ལོ་མས་གང་བའམ། རྩྭས་གང་བའི་གནས་ཀྱང་རུང་སྟེ། གནས་དེ་དག་ཏུ་ཉལ་བར་བྱེད་ཅིང་ས་གང་གི་ཕྱོགས་ན་སྦྲུལ་གྱིས་གང་བའམ། སྦྲང་མ་དང་། ཤ་སྦྲང་གིས་གང་བའམ། ཁུང་མང་བ་དེ་དག་རིང་པོ་བས་ཀྱང་རིང་པོར་ཡོངས་སུ་སྤོང་ངོ་། །དེ་དག་ཉལ་བ་ན་གློ་གཡས་པས་ཉལ་བར་བྱེད་དེ། རྐང་པའི་སྟེང་དུ་རྐང་པ་བཞག་ནས་ལུས་ཆོས་གོས་དག་གིས་ཤིན་ཏུ་གཡོགས་ཤིང་དྲན་པ་ཤེས་བཞིན་དུ་སྣང་བའི་འདུ་ཤེས་དང་། ༦ ལྡང་པའི་འདུ་ཤེས་སུ་ཉལ་བར་བྱེད་དེ། ༧ གཉིད་ཀྱིས་བདེ་བ་ལ་ཆགས་པར་མི་བྱེད། ༨ སྙེས་པའི་བདེ་བ་ལའང་མ་ཡིན་ཏེ། ༩ གཞན་དུ་ན་དེ་དག་ཅི་ཙམ་འབྱུང་བ་ཆེན་པོ་གནས་ཤིང་འཚོ་བའི་ཕྱིར་ཉལ་བར་བྱེད་ལ། ༡༠ རྟག་ཏུ་རྒྱུན་མི་འཆད་པར་ཡང་དག་པའི་ཕྱོགས་ལ་མངོན་དུ་ཕྱོགས་པ་རྣམས་ཡིན་ནོ། །
Domain ཆོས་ལུགས།